分享按钮

རྨ་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྱོང་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་ དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཉིང་ཞའི་ལེའུ་ཡག་པོ་རྩོམ་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)རིག་གནས།ལུས་རྩལ།མཛེས་དཔྱོད།ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་ཀྱང་གནང་བ་རེད།ཀྲའོ་ཧྲོའུ་ཁྲེང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་སྡེ་ཁུལ་འཛུགས་སྐྱོང་ལ་སེམས་ཁུར་ཆེན་པོ་བྱེད་པ་དང་ལྷག་པར་དུ་སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་གྲོང་མིའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཐད་ཀྱི་བྱ་བ་དངོས་མང་པོ་བསྒྲུབས་ཡོད་ལ་མི་རིགས་ཁག་གི་མང་ཚོགས་སྡེ་ཁུལ་དུ་འཆམ་མཐུན་མཉམ་གནས་ངང་འཚོ་བ་སྐྱིད་པོ་སྐྱེལ་གྱི་ཡོད་ཅེས་བཤད།ཞི་ཅིན་ཕིང་གིས་རང་རེའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པ་དང་མི་རིགས་ཁག་གི་མང་ཚོགས་དང་ཁྱིམ་ཚང་ཚང་མ་ནི་ངའི་སེམས་ཁུར་བྱ་ཡུལ་ཡིན།ཁྱེད་ཚོས་ཁྱིམ་ཚང་འཛུགས་སྐྲུན་ལེགས་པར་བྱས་ནས་འཚོ་བ་སྔར་ལས་དར་རྒྱས་ཡོང་བའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།

ས་སྲོད་ཀྱི་དུས་སུ་སྡེ་ཁུལ་ཐང་ཆེན་དུ་འཁྲུག་ཆ་དོད་ཤིང་།གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་རྗེས་གཅིག་རྗེས་གཉིས་མཐུད་ངང་བསྐོར་ནས་དགའ་བསུ་ཞུས་པ་རེད།ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ལོ་4སོང་རྗེས་ང་སླར་ཡང་ཉིང་ཞ་རུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྟ་བར་ཡོང་བ་ཡིན།ཚང་མ་མཐོང་དུས་ཧ་ཅང་དགའ་པོ་བྱུང་།ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས།མི་རིགས་ཁག་གི་མི་དམངས་ཀྱིས་སེ་འབྲུ་ལྟར་དམ་པོར་སྒྲིལ་དགོས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་བ་དང་།ཕྱོགས་གང་ཅིའི་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་ཐུན་མོང་ཐོག་གཞོལ་དགོས་ཞེས་གསུངས་པ་རེད།

ཚེས་20ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་ནས་ཉིང་ཞ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།

ཞི་ཅིན་ཕིང་གིས་ཉིང་ཞའི་ས་ཁམས་ཁོར་ཡུག་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པས་ཁྱད་ཆོས་ཅན་དང་ཁྱད་པར་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཉིང་ཞའི་ལེགས་ཆ་མཚོན་པ་དང་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས།ཉིང་ཞའི་དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་པའི་ཐོན་ལས།རླུང་གློག་དང་།འོད་ཤུགས།ཆིང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ལས།རྒུན་ཆང་དང་འདྲེ་ཚེར་སོགས་ཁྱད་ལྡན་ཐོན་ལས་བཅས་རྨོ་འདེབས་ཞིབ་ཚགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་དགོས།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱད་ལྡན་ཡུལ་སྐོར་དང་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་གཏོང་དགོས།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ།འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ།ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་དགོས།ཉིང་ཞའི་བྱང་རྒྱུད་ཀྱི་རྨ་ཆུ་འདྲེན་ཁུལ་དང་།དབུས་རྒྱུད་ཀྱི་ཐན་ཁུལ།ལྷོ་རྒྱུད་རི་ཁུལ་བཅས་སོ་སོར་ཁྱད་ཆོས་ལྡན་པས་ས་གནས་ཁག་གི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་།ཐོན་ཁུངས་ཁོར་ཡུག་གི་ཤོང་ཚད།སྒོ་དབྱེ་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་བཅས་ལ་གཞིགས་ནས་གཅིག་གྱུར་འཆར་འགོད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རི་ཆུ་མཉམ་རོགས་དང་།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས།ས་ཁོངས་མཉམ་འགུལ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཉིང་ཞ་ཡིས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་འཚོལ་ཞིབ་བྱེད་དགོས།ཚོང་རའི་དཔལ་འབྱོར་གྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ།གཞུང་ཁོངས་རྒྱུ་ནོར་དང་གཞུངས་ཁོངས་ཁེ་ལས་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།དམངས་གཉེར་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།སྤྱི་ཚོགས་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་ལ་སྐུལ་སྤེལ་བཅས་བྱེད་དགོས།ཕྱི་ནང་སྒོ་དབྱེ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པ་དང་།ཨ་རབ་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས།རྨ་ཆུ་དང་།ཧོ་ལན་རི་བོ།ལིའུ་ཕན་རི་བོ།ལུའོ་ཧྲན་རི་བོ་བཅས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཉིང་ཞ་ཡིས་སྒྱུར་བཅོས་འཕེལ་རྒྱས་འཆར་འགོད་བྱེད་པའི་གཞི་འཛིན་སར་བྱས་ནས་ཐོན་ཁུངས་དང་ཁོར་ཡུག་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ཟབ་སྤེལ་དང་།འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་དང་འབྱུང་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ལག་བསྟར་བཅས་བྱེད་དགོས།རྨ་ཆུའི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་ནགས་ཚལ་དང་།རྩྭ་ཐང་།འདམ་ར།བྱེ་ཐང་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོང་ཉམས་གསོ་དང་བ་ཚྭའི་ས་རྒྱུ་ཕྱོགས་བསྡུས་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ།ཉིང་ཞ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀུན་ཕན་རང་བཞིན་དང་།རྨང་གཞིའི་རང་བཞིན།ཐ་སྐྱོང་དམངས་འཚོའི་བྱ་གཞག་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།ལས་ཞུགས་དེ་མངོན་གསལ་དོད་སར་བཞག་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་།ཞིང་པ་ལས་མི།དམག་ཞབས་འཐིམས་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཏན་ཏིག་བསྒྲུབ་དགོས།གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་དགོས།མི་སྣ་འཁོར་སྐྱོད་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་།རྨང་གཞིའི་སྒྲིག་བཀོད།སྤྱི་པའི་ཞབས་ཞུ་བཅས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།གནས་སྤོས་ཡུལ་མི་ཁྲི་བརྒྱ་ཕྱུག་པོར་འགྱུར་བར་བྱེད་པའི་བྱ་སྤྱོད་ཡག་པོ་ལག་བསྟར་བྱས་ཏེ་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།དམིགས་འཛུགས་རོགས་སྐྱོར་དང་སྤྱི་ཚོགས་རོགས་སྐྱོར་གཏིང་ཟབ་ཏུ་བཏང་ནས་གཞི་ཁྱོན་ཆེ་བའི་རང་བཞིན་གྱི་དབུལ་ཕོངས་སུ་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་ཡག་པོ་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་དགོས།མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་སྤྱི་ཚོགས་གྲུབ་ཚུལ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་ཕྱོགས་ཡོངས་ནས་ལག་ལེན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས།དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་ཆོས་ལུགས་ལས་རིགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་ཏང་ཡོངས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དོན་དངོས་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་ལ་སློབ་སྦྱོང་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བདེ་པོའི་ངང་ལས་ཀ་དང་བློ་བག་ཡངས་པོས་ལས་ཀ་བྱེད་པ།བློ་སེམས་བརྟན་པོ་ཡར་རྒྱས་བརྩོན་ལེན་དང་ཧུར་བརྩོན་གྱིས་བྱས་རྗེས་འཇོག་པ་བཅས་བྱེད་དགོས།ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་།སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ།རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་ཐུབ་པ།རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་ཕུལ་བྱུང་གི་ཏང་སྲོལ་གྱིས་མི་སེམས་གཅིག་སྒྲིལ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་ལ་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད།

ལི་ཀན་ཅེ་དང་ཧོ་ལི་ཧྥེང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-23 6 6 拉萨日报藏文 c183162.html 1 རྨ་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྱོང་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་ དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཉིང་ཞའི་ལེའུ་ཡག་པོ་རྩོམ་དགོས་པའི་ནན་གསུངས་གནང་བ། /enpproperty-->