分享按钮

ཀྲུང་དབྱང་རྩ་འཛུཊ་པུས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་ཧྥུའུ་ཅན་དང་།ཀོང་ཏུང་།ཧོ་ནན་སོགས་ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.38བཏང་ནས་འབྲུབ་འགོག་དང་ཐན་འགོག་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད་པ།

པར་འདི་ནི་ཟླ་6ཚེས་19ཉིན་དྲག་ཆས་ཉེན་རྟོག་ཀོང་ཤིས་སྤྱི་ཁྱབ་རུ་ཁག་ཀུའེ་ལིན་ཡན་ལག་རུ་ཁག་གི་དཔོན་དམག་གིས་ཀུའེ་ལིན་གྲོང་ཁྱེར་ནན་ཤིས་ཧྲན་སྨན་ཁང་དུ་དཀའ་ངལ་འཕྲད་པའི་མང་ཚོགས་གནས་སྤོ་བྱེད་པའི་གནས་ཚུལ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་ཧྥུའུ་ཅན་དང་། ཀོང་ཏུང་། ཧོ་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་11ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.38བཏང་ནས་འབྲུབ་འགོག་དང་ཐན་འགོག་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད་པ་རེད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ་ནུས་ཤུགས་ཡོད་རྒུས་གནོད་འཚེའི་གནས་ཚུལ་ལ་ཁ་གཏད་འཇལ་བ་དང་། ཆུ་ལོག་དང་ཐན་པ་འགོག་པ་དང་ཉེན་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཉེན་ཁའི་འདུ་ཤེས་དང་མཐའ་ཚད་འཛིན་སེམས་སྔར་བས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་ལས་རེས་དང་མདུན་ཕྱོགས་ཀྱི་བཀོད་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ལོག་སྔོན་འགོག་དང་ཐན་འགོག་གི་གཙོ་གནད་ས་ཁུལ་ལ་དོ་སྣང་ནན་པོ་བྱས་ནས་ཆུ་ལོག་སྔོན་འགོག་དང་ཐན་འགོག་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། རྒྱ་ཆེའི་གཞི་རིམ་གྱི་ཏང་རྩ་འཛུཊདང་ཏང་ཡོན་ལས་བྱེད་པས་མདུན་ཕྱོཊ་སུ་གདོང་མཆོང་དང་ལས་ཡུལ་སྲུང་སྐྱོབ་ཡག་པོ་བྱས་ཏེ་ཆུ་ལོག་སྔོན་འགོག་དང་ཐན་འགོག་ཁྲོད་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཀྲུང་དབྱང་རྩ་འཛུགས་པུས་ཏང་དངུལ་དེ་དག་དུས་ཐོག་ཏུ་གཞི་རིམ་ལ་སྤྲོད་དགོས་ཤིང་། གཙོ་བོ་འབྲུབ་འགོག་ཐན་འགོག་གི་འཐབ་ཕྱོགས་དང་པོར་འབད་འཐབ་ལྷོད་མེད་བྱེད་བཞིན་པའི་གཞི་རིམ་གྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་ཞུ་བ་དང་། གནོད་འཚེ་ཚབས་ཆེན་ཕོག་ནས་འཚོ་བའི་ཐད་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་ཞུ་བ། གནོད་འཚེ་ཕོག་པའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་གསོ་བྱ་རྒྱུ་བཅས་ཀྱི་ཆེད་དུ་སྤྱོད་དགོས། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་དོན་དངོས་ལ་གཞིགས་ནས་རིམ་པ་དེ་གའི་ཏང་དངུལ་ལ་དོ་དམ་བྱེད་པའི་ཁྲོད་ནས་ཆ་འགྲིག་མ་དངུལ་དོན་འཁྱོལ་གྱིས་དུས་ཐོག་ཏུ་གཞི་རིམ་ལ་གཏོང་སྤྲོད་བྱས་ནས་ཆུ་ལོག་སྔོན་འགོག་དང་ཐན་འགོག་ལས་དོན་ཐད་བཏང་ཐོག་ཆེད་དངུལ་ཆེད་སྤྱོད་ཐུབ་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-23 6 6 拉萨日报藏文 c183160.html 1 ཀྲུང་དབྱང་རྩ་འཛུཊ་པུས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་ཧྥུའུ་ཅན་དང་།ཀོང་ཏུང་།ཧོ་ནན་སོགས་ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.38བཏང་ནས་འབྲུབ་འགོག་དང་ཐན་འགོག་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱད་པ། /enpproperty-->