分享按钮

ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གཡར་བའི་འབྱུང་འཕྲོད་དངུལ་བུན་སྒོར་དུང་ཕྱུར་2000ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཟླ་6ཚེས་21ཉིན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་1ནས་5བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གཡར་བའི་འབྱུང་འཕྲོད་དངུལ་བུན་སྒོར་དུང་ཕྱུར་2000ལས་བརྒལ་ཞིང་། དངུལ་བུན་འཕར་ཚད་དེ་དངུལ་ཁང་ཡོངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་དུས་ཡུན་རིང་འབྲིང་གི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འབྱུང་འཕྲོད་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་འབྱུང་འཕྲོད་དངུལ་རྩའི་མཁོ་སྤྲོད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་། སྦགས་བཙོག་ཉུང་གཏོང་། ཐཱན་ཉུང་གཏོང་། ལྗང་མདོག་མང་དུ་གཏོང་བ། གནོད་འཚེ་སྔོན་འགོག་བཅས་ཀྱི་ཐད་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཐཱན་ཉུང་ནུས་རྒྱུའི་མ་ལག་འཛུགས་སྐྲུན་དང་འབྱུང་འཕྲོད་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་དམིགས་ཏེ་ཕྱོགས་ཡོངས་ནས་འབྱུང་འཕྲོད་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་རེད། དེ་དང་ཆབས་ཅིག་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་དང་ཐཱན་ཉུང་གཏོང་གི་རྒྱབ་སྐྱོར་ཡོ་བྱད་ཡག་པོ་སྤྱད་དེ་ཐཱན་ཉུང་གཏོང་གི་ཕན་འབྲས་ཞིབ་དཔྱད་ལྷུ་ཚིགས་ནང་བཅུག་ནས་ཐཱན་ཉུང་གཏོང་གི་དངུལ་བུན་རིམ་བསགས་སྒོར་དུང་ཕྱུར་1100ལས་བརྒལ་ཡོད་པ་རེད།

རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བས་སླད་ཕྱིན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་འབྱུང་འཕྲོད་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཤུགས་ཆེར་བཏང་ནས་ནུས་རྒྱུ་གསར་པའི་ཆུ་བེད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་དང་། འབྱུང་འཕྲོད་ཐཱན་ཉུང་ཚན་རྩལ་གསར་གཏོད། གཙོ་གནད་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-23 6 6 拉萨日报藏文 c183159.html 1 ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་གཡར་བའི་འབྱུང་འཕྲོད་དངུལ་བུན་སྒོར་དུང་ཕྱུར་2000ལས་བརྒལ་བ། /enpproperty-->