分享按钮

རང་གྲོང་གི་རླངས་འཁོར་ཉོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱུང་ནས་གྲོང་མིའི་རླངས་འཁོར་ཉོ་བའི་སྤྲོ་སེམས་འཕེལ་བ།

(པར་ངོས་དང་པོར་མཐུད)བཀའ་འདྲི་ཞུ་བ། རླངས་འཁོར་གཏོང་བ་ཚོད་ལྟ་བྱེད་པ་བཅས་ཀྱི་སྐུ་མགྲོན་མང་པོ་ཡོད་པ་དང་ཕྱིར་ཚོང་མི་སྣ་བྲེལ་འཚུབ་ཆེན་པོ་ཡོད་པ་མཐོང་བྱུང་། རླངས་འཁོར་ཕྱིར་ཚོང་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། རླངས་འཁོར་ཉོ་བའི་ཁ་གསབ་སྲིད་ཇུས་ཁྱབ་བསྒྲགས་བྱས་རྗེས། གྲོང་ཁུལ་གྱི་ཕྱིར་ཚོང་ས་ཚིགས་སུ་གྲོང་མི་མི་ཉུང་བ་ཞིག་གི་བློ་འདྲི་དང་མངགས་ཐོ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ནས་སྔོན་དཔག་བྱས་ན་འདི་ལོ་སྐུ་མགྲོན་མང་ཤོས་ཟིན་རྒྱུ་རེད། དེའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་ཉོ་བའི་ཁ་གསབ་སྲིད་ཇུས་ལ་འཛད་སྤྱོད་པས་དོ་ཁུར་བྱས་པ་དང་། འབྱུང་འགྱུར་དུས་སྐབས་ཤིག་རིང་། རླངས་འཁོར་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རེ་ཡོད་པ་གསལ་བཤད་གང་ལེགས་ཐུབ་ཡོད་ཅེས་བཤད་པ་རེད།

ཕུགས་བསམ་རླངས་འཁོར་ལྷ་སའི་རྩིས་སྤྲོད་ལྟེ་གནས་ཀྱི་ལས་དོན་མི་སྣ་ཀྲང་ཡ་ལུང་གིས་གསར་འགོད་པར། ཟླ་6ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར། ལྷ་སར་བྱེད་སྒོའི་ནང་ཞུགས་མཁན་རླངས་འཁོར་ཁེ་ལས་ནས་རླངས་འཁོར་གསར་པ་ཉོས་པའི་མི་སྒེར་གྱི་འཛད་སྤྱོད་པས་སྤ་སེའི་ཐོག་རིན་གོང་སྒོར་ཁྲི་10མན་ཟིན་ན་སྲིད་གཞུང་གི་ཁ་གསབ་སྒོར་ཁྲི་1དང་སྤ་སེའི་ཐོག་རིན་གོང་སྒོར་ཁྲི་10ཡན་ཟིན་ན་སྲིད་གཞུང་གི་ཁ་གསབ་སྒོར་ཁྲི་2ལེན་ཆོག་གི་ཡོད། བྱེད་སྒོ་སྤེལ་ཚུན། ང་ཚོའི་ཚོང་ཁང་དུ་སྐུ་མགྲོན་མང་དུ་སོང་བ་དང་། མངགས་ཐོ་དང་ཚོང་འགྲིག་ཚད་དུས་མཚུངས་ལས་མངོན་གསལ་དོད་པོས་མང་དུ་སོང་བ། དེ་བཞིན་སྐུ་མགྲོན་གྱི་འཛད་སྤྱོད་ཧུར་སེམས་ཀྱང་ཆེན་པོ་འདུག་ཅེས་བཤད་བྱུང་།

ཡུལ་དངོས་སུ། གསར་འགོད་པས་གྲོང་མི་ཚོའི་ཧུར་སེམས་དང་སྤྲོ་སྣང་མྱོང་ཚོར་བྱུང་ཞིང་། རླངས་འཁོར་འདེམས་བཞིན་པའི་གྲོང་མི་ཞིག་གིས་གསར་འགོད་པར། འདི་ལོའི་ཟླ་5པར་རླངས་འཁོར་ཉོ་བའི་འཆར་གཞི་ཡོད་མོད། འོན་ཀྱང་དེ་སྔོན་རིན་གོང་གི་གནད་དོན་ལ་ཐེ་ཚོམ་བྱས་ནས་ད་བར་ཉོས་མེད། ད་ཆ་སྲིད་གཞུང་གི་ཁ་གསབ་ཡོད་པས་ཉོ་རྒྱུའི་ཐག་བཅད་པ་ཡིན། གྲོང་མི་དཀྱུས་མ་ཕུད།་ད་དུང་ཁེ་ལས་ཁག་གཅིག་གིས་ཀྱང་ད་ཐེངས་ཀྱི་གོ་སྐབས་དང་བསྟུན་ནས་མཉམ་སྡེབ་ཉོ་སྒྲུབ་བྱེད་ཀྱི་ཡོདཅེས་བཤད་བྱུང་། ཁོང་ཚོས་དེ་ལྟར་བྱས་ནས་འགྲོ་སོང་ཁག་གཅིག་གྲོན་ཆུང་ཐུབ་པར་མ་ཟད། སྤུས་ཚད་ལེགས་པའི་རླངས་འཁོར་ཉོ་རྒྱུར་འགན་ལེན་ཐུབ་ཡོད་ཅེས་བཤད། ད་ཐེངས་ཀྱི་རླངས་འཁོར་ཉོ་བའི་ཁ་གསབ་ཕྱིར་ཚོང་བྱ་ཡུལ་དུ་གསོན་ཤུགས་དང་སྤྲོ་སེམས་ཀྱིས་ཁེངས་ཤིང་། འཛད་སྤྱོད་པ་དང་ཕྱིར་ཚོང་མི་སྣ་གང་ཡིན་རུང་ཚང་མས་ད་ཐེངས་ཀྱི་སྲིད་ཇུས་ལ་ཁས་ལེན་དང་དགའ་བསུ་ཆེན་པོ་ཞུ་ཡི་ཡོད་པ་རེད། གླེང་རིན་ཡོད་པ་ཞིག་ནི། ད་ཐེངས་ཀྱི་རླངས་འཁོར་ཉོ་བའི་ཁ་གསབ་ཐད་དངུལ་ཆ་ཚང་སྤྲད་ནས་རླངས་འཁོར་ཉོ་བ་དང་དུས་མཚམས་བགོས་ནས་དངུལ་བུན་འཇལ་བའི་རླངས་འཁོར་ཉོ་བའི་རྣམ་པ་གཉིས་ཀར་ཁ་གསབ་སྲིད་ཇུས་དེ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་། འབར་སྣུམ་རླངས་འཁོར། འབུད་ཚད་ཆེ་ཆུང་གང་ཡིན་རུང་ཚང་མར་སྲིད་ཇུས་དེ་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-23 6 6 拉萨日报藏文 c183157.html 1 རང་གྲོང་གི་རླངས་འཁོར་ཉོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱུང་ནས་གྲོང་མིའི་རླངས་འཁོར་ཉོ་བའི་སྤྲོ་སེམས་འཕེལ་བ། /enpproperty-->