分享按钮

(པར་ངོས་དང་པོར་མཐུད)ཀྲའོ་ཧུའེ་ཉན་གྱིས་རིམ་ཁག་ཚན་ཁག་གིས་འགན་འཁྲིའི་འདུ་ཤེས་དེ་བས་ཆེ་བ་དང་། ལས་ཀའི་ཚད་གཞི་དེ་བས་མཐོ་བ། བཅོས་སྒྲིག་བྱེད་ཤུགས་དེ་བས་ལེགས་པ་བཅས་ཀྱི་སྒོ་ནས་བྱ་སྤྱོད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་པ་སྟེ། གཅིག་ནས་ཡུན་རིང་ཕུགས་ཕན་ཡོང་བར་བྱས་ཏེ་ལས་དོན་ཁག་རྒྱུན་དུ་སྒྲུབ་པ་དང་། རྒྱུན་དུ་དམ་འཛིན་བྱེད་པ། རྒྱུན་དུ་ནན་པོ་བྱེད་པ། མུ་མཐུད་གནོན་ཤུགས་ཆེ་རུ་བཏང་ནས་འབད་བརྩོན་བྱེད་པ་བཅས་ཀྱི་སྒོ་ནས་དམ་འཛིན་དོན་འཁྱོལ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་སྤུས་ཚད་དང་ཕན་འབྲས་ཐོན་རྒྱུར་བརྩོན་ལེན་བྱེད་དགོས། གཉིས་ནས་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་ཏེ་གྲོང་ཁུལ་སྟོབས་ལྡན་དུ་གཏོང་བ་དང་། གྲོང་རྡལ་ལེགས་སུ་གཏོང་བ། གྲོང་ཚོ་མཛེས་སུ་གཏོང་བ་བཅས་ལ་དམིགས་ཏེ་ལས་དོན་ཁག་ཞན་པའི་ཆ་དང་། མངོན་མེད་ཁུལ། ཁུག་ཀྱོག་སོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་ནས་བསྐྱར་ལོག་དང་རང་ལོག་མི་ཡོང་བའི་འགན་ལེན་བྱས་ཏེ་གཙོ་གནད་འབུར་དུ་ཐོན་པ་དང་རྒྱ་བསྐྱེད་སྣུར་སྲིང་ཐད་ཕན་འབྲས་ཐོན་ཐུབ་པར་བྱེད་དགོས། གསུམ་ནས་བཅོས་སྒྲིག་ཐད་མཉམ་འགུལ་བྱས་ཏེ་ཚན་པ་དང་རྫོང(ཆུས)དབར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་འབྱུང་ཁམས་ཤེས་དཔལ་འཛུཊ་སྐྱོང་དང་། ཤེས་དཔལ་གྲོང་ཁྱེར་འཛུཊ་གཏོད། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད། ཡུལ་ཁོངས་ཡུལ་སྐོར་ཆ་སྒྲིག་འཕེལ་རྒྱས་ཆེན་མོའི་བྱ་སྤྱོད་བཅས་མཉམ་འདྲེས་བྱས་ནས་གཅིག་གྱུར་ཐོག་སྐུལ་འདེད་བཏང་ནས་ཐོན་ཁུངས་བསྡུ་སྒྲིལ་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་ཕུགས་ཕན་ཡོང་བའི་ཐད་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-23 6 6 拉萨日报藏文 c183156.html 1 /enpproperty-->