ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་6ཚེས་1ཉིན། རང་གྲོང་གིས་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བྱེད་པ་བཅས་ཀྱི་སྲིད་ཇུས་དོན་ཚན་8ཁྱབ་བསྒྲགས་བྱས་རྗེས། ཁྲེང་ཀོན་ཆུས་ཀྱིས་རླངས་འཁོར་ཉོ་བའི་ཁ་གསབ་སྤྲོད་པའི་བྱེད་སྒོ་ཐེངས་གཉིས་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། བྱེད་སྒོ་དེ་ནི་ཉི་འོད་ཞིག་དང་འདྲ་བར་འཛད་སྤྱོད་པ་ཚང་མའི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། གྲོང་མི་ཚོའི་རླངས་འཁོར་ཉོ་བའི་སྤྲོ་སེམས་འཕེལ་ནས་རང་གྲོང་གི་རླངས་འཁོར་ཕྱིར་འཚོང་ཁྲོམ་ར་འཁྲུག་ཆ་དོད་པོར་གྱུར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ཁྲོད་ཁྲེང་ཀོན་ཆུས་ཀྱིས་མ་དངུལ་བསྡོམས་འབོར་སྒོར་ཁྲི་2000བཏང་ནས་རླངས་འཁོར་ཉོ་བའི་ཁ་གསབ་སྲིད་ཇུས་བཏོན་པ་དང་རླངས་འཁོར་བརྒྱུད་འཚོང་བ་50ལྷག་ཙམ་ད་ཐེངས་ཀྱི་རླངས་འཁོར་ཉོ་བར་ཁ་གསབ་སྤྲོད་པའི་བྱེད་སྒོའི་ནང་ཞུགས་ནས་ལེ་ལག་ཚང་བའི་རླངས་འཁོར་འགྲེམས་སྟོན་བྱས་པ་དང་འབྲེལ་བརྒྱུད་འཚོང་བས་ཁེ་བཟང་སྤྲོད་པའི་གཟིགས་སྐྱོང་བྱེད་སྒོ་ཡང་སྤེལ་ཡོད་པ་རེད།
ཟླ་6ཚེས་16ཉིན། གསར་འགོད་པས་ཕུགས་བསམ་རླངས་འཁོར་ལྷ་སའི་རྩིས་སྤྲོད་ལྟེ་གནས་ཀྱི་ཡུལ་དངོས་སུ་རླངས་འཁོར་ལ་ལྟ་བ་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社