分享按钮

རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་བདུན་པ་འཚོགས་པ།

ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་18ཉིན། རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་མོའི་འགོ་ཁྲིད་ཚོཊ་ཆུང་གཞུང་ལས་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོཊ་འདུ་ཐེངས་བདུན་པ་འཚོཊ་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་མོའི་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་འབྲེལ་ཚོང་པ་ཉི་ཚེ་བ་ཚད་ལྡན་དུ་གཏོང་བའི་དོ་དམ་དང་། ཐེན་ཧའེ་ཚོང་སྐོར་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག གྲོང་ཁྱེར་བཅོས་སྐྱོང་རྣམ་གྲངས་ཀྱི་འཕེལ་རིམ་སོཊ་འགག་གནད་དང་དཀའ་གནད་ཀྱི་གནད་དོན་དང་མངོན་མེད་རྐྱེན་ངན་གྱི་མངོན་གསལ་དོད་པའི་གནད་དོན་ཐད་བཀོད་སྒྲིག་གང་ལེཊ་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་རིམ་ཁག་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། དངོས་སྒྲུབ། སྐུལ་འདེད་ཤུགས་ཆེན་བཅས་བྱས་པས་མང་ཚོགས་ལ་འགྱུར་ལྡོག་དངོས་གནས་བྱུང་བ་ཚོར་མོད། ཡིན་ནའང་མིག་སྔར་ད་དུང་གནད་དོན་དང་ཞན་ཆ་མི་ཉུང་བ་ཞིག་གནས་ཡོད་ཅེས་གསུངས་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-23 ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c183153.html 1 རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་བདུན་པ་འཚོགས་པ། /enpproperty-->