ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཁྲོན་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཉིང་ཞ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་པ།རྨ་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་སྐྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་གཏོང་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེ།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས།མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་སོགས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ།དཔལ་འབྱོར་དར་རྒྱས་དང་།མི་རིགས་མཐུན་སྒྲིལ།ཁོར་ཡུག་མཛེས་པ།མི་དམངས་ཕྱུག་པོ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཉིང་ཞ་གསར་པ་མགྱོགས་མྱུར་འཛུགས་སྐྱོང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཞ་ཡི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་གསུངས་གནང་བ་རེད།
ཟླ་6ཚེས་19ཉིན། ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་མཇུག་འགྲིལ་རྗེས་ཉིང་ཞ་རུ་ཕེབས་ཤིང་།ཉིན་དེའི་ཕྱི་དྲོར་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལེང་ཡན་ཧྲུན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཀྲང་ཡུས་ཕུའུ་ཡི་ཕེབས་རོགས་འོག་ཁོང་དབྱིན་ཁྲོན་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་།དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ཁྲང་ཁྲེང་མེ་ཏོག་ལྡུམ་རའི་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཆེ་གྲས་ཤིག་རེད།ཞི་ཅིན་ཕིང་དང་ཐོག་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་དང་།དམངས་ཕན་ཞབས་ཞུ་ཐིང་།སྡེ་ཁུལ་འཕྲོད་བསྟེན་ས་ཚིགས།གཅེས་སེམས་སྒོ་རྩིས་ཚོང་ཁང་བཅས་སུ་ཕེབས་ཏེ་སྡེ་ཁུལ་གྱི་ལས་དོན་ངོ་སྤྲོད་བྱས་པར་གསན་པ་དང་།སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་།ཁྱིམ་མཚེས་བྱེད་སྒོ།དམངས་བདེ་དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།དེ་རྗེས་ཁོང་སྡེ་ཁུལ་བྱེད་སྒོ་ཁང་དུ་ཕེབས་ནས་སྤྲོ་སྣང་ཆེན་པོས་གྲོང་མིའི་ཤོག་བུ་དྲས་གཏུབ་གསར་རྩོམ་དང་ཞབས་བྲོའི་ནང་སྦྱོང་ལ་གཟིགས་པ་དང་།ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་རྒན་ཡོལ་ཞུས་པའི་གྲོང་མིར་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ཡོད་དགོས་ལ་རྒས་དུས་བྱས་རྗེས་ཀྱང་འཇོག་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་ཏང་རྩ་འཛུགས་ནི་ཏང་གིས་གཞི་རིམ་མང་ཚོགས་དང་འབྲེལ་བ་བྱེད་པའི་དབང་རྩའི་མཇུག་སྣེ་ཞིག་ཡིན་པས་སྡེ་ཁུལ་ཁྲོད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།སྡེ་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ལྡན་དུ་བཏང་ན་སྡེ་ཁུལ་གྱི་ལས་དོན་ལ་རྐང་འཛིན་ཡོང་ཐུབ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་པོར་དམིགས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཁག་གཏིང་ཟབ་དང་།ཞིབ་ཅིང་ཕྲ་བ།དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་སྡེ་ཁུལ་གྱི་གྲོང་མི་ཀྲའོ་ཧྲོའུ་ཁྲེང་གི་ཁྱིམ་དུ་ཕེབས་ནས་ཁྱིམ་མི་ཚང་མ་དང་མཉམ་དུ་བསྡད་དེ་ཁྱིམ་ཚང་གི་ལས་ཞུགས་དང་། ཡོང་འབབ། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ། ཕྲུ་གུ་སློབ་གྲྭར་སྐྱོད་པ་སོཊ་ཀྱི་གནས་ཚུལ་མཁྱེན་རྟོཊ་གནང་ནས་ཁོང་ཚོའི་བདེ་སྐྱིད་འཚོ་བར་བསྔཊ་བརྗོད་གནང་བ་མ་ཟད། ཕྲུ་གུར་ཀུན་སྤྱོད་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社