分享按钮

གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས“6·19” སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་6ཚེས་19ཉིན་ནི་རྒྱལ་ཡོངས་ཀྱི་རོགས་སྐྱོབ་དོ་དམ་སྒྲིག་གཞིའི་སྒོ་དབྱེའི་ཉིན་མོ་ཐེངས་བཅུ་གཉིས་པ་དེ་ཡིན་པ་དང་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས་ལག་གདང་སྦྲེལ་ནས་རོགས་རམ་བྱས་ཏེ་རོགས་སྐྱོབ་ལ་དེ་བས་དྲོ་སྐྱིད་ལྡན་པ་གཙོ་དོན་བྱས་པའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

སྒོ་དབྱེའི་ཉིན་མོར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་། ས་གནས་དང་གྲོང་ཁྱེར་ཁག་གི་རོགས་སྐྱོབ་དོ་དམ་སྒྲིག་གཞིའི་འབྲེལ་ཡོད་འགན་འཁུར་བ་དང་། གྲོང་ཁྱེར་དམངས་སྲིད་ཅུས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁག་གཅིག སྤྱི་ཚོགས་ལྟ་སྐུལ་པ། དང་བླངས་པ་དང་དེ་བཞིན་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས། མང་ཚོགས་ཀྱི་འཐུས་མི་སོགས་མི་40ལྷག་ཙམ་གདན་ཞུས་ལྟར་བྱེད་སྒོར་ཞུགས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་རོགས་སྐྱོབ་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཕུར་བུ་བཀྲ་ཤིས་ཀྱིས་གསར་འགོད་པར་འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བར་རོགས་སྐྱོབ་དང་དོ་དམ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རོགས་སྐྱོབ་དོ་དམ་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་ལ་རོགས་སྐྱོབ་དོ་དམ་ལས་དོན་གྱི་སྲིད་ཇུས་དྲིལ་བསྒྲགས་དང་རོགས་སྐྱོབ་དོ་དམ་ལས་དོན་གྱི་ཕན་འབྲས་འགྲེམས་སྟོན་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་རོགས་སྐྱོབ་དོ་དམ་ལས་དོན་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱ་ཆེད་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་བ་ཡིན། རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས་གཙོ་བོ་གྲོང་ཁྱེར་གྱི་འཚོ་རྟེན་མེད་པའི་འཁྱམ་པོ་དང་སློང་མོ་བ་སོགས་དགོས་གཏུག་ཆེ་བའི་རང་བཞིན་དང་གནས་སྐབས་རང་བཞིན་གྱི་འཚོ་བར་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་ཕོག་པའི་གནོད་འཚེ་ཕོག་མཁན་ལ་གནས་སྐབས་སྲུང་སྐྱོབ་བྱས་ནས་དེའི་མི་ལུས་ཀྱི་བདེ་འཇགས་དང་གཞི་རྩའི་འཚོ་བ་སོགས་ཀྱི་ཁེ་དབང་འགན་ལེན་དང་གཉེན་འཚོལ་གཞིས་ཆགས་བཀོད་སྒྲིག་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་གྱི་ཡོད། འདི་ལོ་ངེད་ས་ཚིགས་ཀྱིས་ཁྱོན་མི་ཐེངས་230ལྷག་ཙམ་ལ་རོགས་སྐྱོབ་བྱས་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲཊ་འགྲེམས་པང་འཛུཊ་པ་དང་། རི་མོ་དང་ཡི་གེའི་ཐོག་ནས་གྲོང་ཁྱེར་རོཊ་སྐྱོབ་དོ་དམ་ས་ཚིཊ་ཀྱི་ལོ་མང་རིང་གི་ལས་ཀའི་ཕན་འབྲས་དང་། རོགས་སྐྱོབ་ཀྱི་ཉམས་མྱོང་། དེ་བཞིན་དགེ་སྒྲུབ་ཀྱི་དཔེ་མཚོན་བཅས་འགྲེམས་སྟོན་བྱས་ཡོད། ས་གནས་ས་ཐོག་ཏུ་འགྲེལ་བཤད་དང་རོགས་སྐྱོབ་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་སོགས་ཀྱི་རྣམ་པ་བརྒྱུད་དོ་དམ་ས་ཚིགས་ཀྱི་ནུས་པ་འཐུས་ཚང་དང་། སྒྲིག་བཀོད་ཆ་ཚང་། བདེ་འཇགས་དང་སྐྱིད་སྣང་དོད་པའི་རོགས་སྐྱོབ་ཁོར་ཡུག་བཅས་ཐག་ཉེ་ས་ནས་འགྲེམས་སྟོན་བྱས་ནས་ཚང་མས་རོགས་སྐྱོབ་དོ་དམ་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པར་བྱས་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་དམངས་སྲིད་ཅུས་རོགས་སྐྱོབ་ས་ཚིགས་ཀྱི་ཀྲན་ཀྲང་དང་རིམ་བཞིའི་བརྟག་ཞིབ་པ་བསྟན་འཛིན་ནོར་བུས་ང་ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་ཡོང་ཐེངས་དང་པོ་ཡིན།དང་ཐོག་རོགས་སྐྱོབ་སྒྲིག་གཞིའི་ཁོར་ཡུག་དྲོ་སྐྱིད་ལྡན་པ་ཞིག་ཡོད་པ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་རོགས་སྐྱོབ་ས་ཚིགས་ཀྱིས་སྤེལ་བའི་རོགས་སྐྱོབ་ལས་དོན་ཁག་བར་ཐག་ཉེ་ས་ནས་ཉམས་ལེན་ཐུབ་པ་དང་འགོ་ཁྲིད་ཀྱིས་མཐོང་ཆེན་བྱེད་པ་དང་དྲོ་སྐྱིད་ལྡན་པའི་ངང་ཞབས་འདེགས་ཞུ་བའི་ལས་དོན་ལ་མྱོང་ཚོར་ཐུབ་བྱུང་། སླད་ཕྱིན་ང་ཚོས་ལྷ་ས་གྲོང་ཁྱེར་གྱི་རོགས་སྐྱོབ་ས་ཚིགས་ཀྱི་ལས་ཀ་བྱེད་སྟངས་དང་བྱ་ཐབས་བཟང་པོ་ལྷོ་ཁའི་རོགས་སྐྱོབ་ལས་དོན་ཁྲོད་སྤྱོད་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱི་གནས་ཡུལ་གསར་པ་དེ་2018ལོའི་ཟླ་7པར་སྤྱོད་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་5500བཏང་བ་དང་ས་བཟུང་རྒྱ་ཁྱོན་ལ་མུའུ་50ཡོད་ཅིང་། ད་ཆ་ས་ཚིགས་ནང་གི་ཁོར་ཡུག་མཛེས་པ་དང་སྒྲིག་བཀོད་སྔོན་ཐོན་ཡིན་པས་མི་གཤིས་ཅན་དང་།ཚད་ལྡན་ཅན། གནད་ལ་འཁེལ་བའི་རོགས་སྐྱོབ་ཞབས་ཞུ་ཁྱོན་ཡོངས་ནས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་དང་གྲོང་ཁྱེར་ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་ལྟེ་གནས་སུ་ཁྱོན་ཉལ་ཁྲི་300ལྷག་ཙམ་བཀོད་སྒྲིག་བྱས་པ་དེ་ཞིང་ཆེན་བར་བརྒྱུད་ལས་འགན་གྱི་རོགས་སྐྱོབ་དོ་དམ་སྒྲིག་གཞིར་བརྩིས་ནས་ལོ་རེར་མི་ཐེངས་600ལྷག་ཙམ་ལ་རོགས་སྐྱོབ་བྱས་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-22 6 6 拉萨日报藏文 c183147.html 1 གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས“6·19” སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->