分享按钮

ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་རིག་ནུས་ཐོན་ལས་ཀྱི་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

(པར་ངོས་དང་པོར་མཐུད)ཐོན་ལས་འཕོ་འགྱུར་གྱི་སྒུལ་ཤུགས་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད། ཀྲུང་གོས་མི་ཐབས་རིག་ནུས་ཀྱི་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མཉམ་འབྲེལ་དྲ་རྒྱ་དང་། གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས། དེ་བཞིན་དངོས་གཟུགས་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིག་ནུས་ཐོན་ལས་གསོ་སྤེལ་དང་སྟོབས་ཆེར་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་པ་གོང་འཕེལ་མགྱོགས་པོ་གཏོང་བ་བཅས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྒུལ་ནུས་གསར་པ་བསྣན་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་གྲངས་འཛིན་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་གོང་འཕེལ་གོ་སྐབས་དམ་འཛིན་བྱེད་པ་དང་། མི་ཐབས་རིག་ནུས་ཀྱི་གོང་འཕེལ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ཐོག་མི་ཐབས་རིག་ནུས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་དེད་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

2024ལོའི་འཛམ་གླིང་རིག་ནུས་ཐོན་ལས་ཀྱི་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་རིག་ནུས་ཀུན་ལ་ཁྱབ་པ་དང་འབྱུར་འགྱུར་ལ་གསོན་ཤུགས་རྒྱས་ཞེས་པ་དེ་ཡིན་ཞིང་། ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཉིན་དེར་ཐེན་ཅིན་གྲོང་ཁྱེར་དུ་འགོ་ཚུགས་མཛད་སྒོ་གཉེར་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-22 6 6 拉萨日报藏文 c183145.html 1 ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་རིག་ནུས་ཐོན་ལས་ཀྱི་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། /enpproperty-->