(པར་ངོས་གཉིས་པར་མཐུད)ཡུལ་དངོས་ཀྱི་ཨར་ལས་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིཊ་ན། ལྷ་སའི་མཐོ་གསར་ཁུལ་གྱི་བྱང་ཕྱོཊ་ཚོཊ་པའི་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་དྲ་བ་དེ་2010ལོར་བསྐྲུན་ནས་ད་བར་ལོ་14ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། མཐོ་གསར་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ཕྱིན་ནས་མི་སྡོད་མཁན་མང་དུ་ཕྱིན་པའི་རྐྱེན་གྱིས་དེ་སྔའི་མི་བསྐྱོད་བགྲོད་ལམ་ལ་གཏོར་སྐྱོན་ཤོར་བ་དང་ལོང་བའི་ལམ་གྱི་བཀོད་སྒྲིག་ཡག་པོ་མེད་པ་སོཊ་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། 2024ལོར་ལྷ་སའི་མཐོ་གསར་ཁུལ་གྱིས་གཅིག་གྱུར་ཐོག་འཆར་འགོད་དང་། མཐུན་སྦྱོར་ལ་སྐུལ་འདེད། རིམ་དབྱེའི་ལག་བསྟར་བཅས་ཀྱི་རྩ་དོན་གཞིར་བཟུང་། མི་བསྐྱོད་བགྲོད་ལམ་གྱི་ཆུ་སྲུང་འཛིན་ཅན་གྱི་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུཊ་ཡོད་ཅེས་བཤད།
ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་མི་བསྐྱོད་བགྲོད་ལམ་གྱི་ཆུ་སྲུང་འཛིན་ཅན་གྱི་སྒྱུར་བཀོད་རྣམ་གྲངས་དུམ་བུ་དང་པོའི་འགན་འཁུར་བ་ལི་ཁྲེང་མིང་གིས་ང་ཚོ་གནས་ཡུལ་ནི་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུམ་བུ་དང་པོ་ཡིན་ཞིང་། དུམ་བུ་དེར་འགྲོ་ལམ་9ཚུད་ཡོད་པས་ཟླ་6ཚེས་3ཉིན་འཛུཊ་སྐྲུན་འགོ་ཚུཊ་པ་དང་། མིག་སྔར་དེ་སྔའི་འགྲོ་ལམ་བརྒྱ་ཆ་60བཤིཊ་ཟིན་པ་དང་། ཆུ་སིམ་ཐུབ་པའི་སོ་ཕག་བརྒྱ་ཆ་30བཏིངས་ཟིན་པ། ཆུ་སིམ་ཐུབ་པའི་ཨར་འདམ་ལ་ལུཊ་རྒྱག་པ་དང་ལམ་རྒྱུད་རྡོ་ཉམས་གསོ་བརྒྱ་ཆ་40ལེཊ་གྲུབ་ཟིན་ཅིང་། ལས་མི་100ལྷག་ཙམ་ཡོད་པས་སྔོན་དཔག་བྱས་ན་ཟླ་8པའི་ཟླ་དཀྱིལ་དུ་ལས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།
རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་6716.40བཏང་བ་དང་དུམ་བུ་གཉིས་སུ་དབྱེ་ནས་དུས་གཅིག་ཏུ་ཨར་ལས་བྱ་རྒྱུ་ཡིན་པ་རེད། དེའི་ནང་གི་དུམ་བུ་གཅིག་ནི་ཚ་རྒུར་ལམ་ཆེན་ལྟེ་བར་བྱས་ནས་གྲོང་ཁྱེར་གྱི་མི་བསྐྱོད་བགྲོད་ལམ་9ཚུད་ཡོད་པ་དང་། དུམ་བུ་གཉིས་པ་ནི་པེ་ཅིང་ལམ་ཆེན་ལྟེ་བར་བྱས་ནས་མི་བསྐྱོད་བགྲོད་ལམ་29ཚུད་ཡོད། རྣམ་གྲངས་ཀྱི་འཛུཊ་སྐྲུན་གཙོ་བོ་ནི་ད་ཡོད་ཀྱི་མི་བསྐྱོད་བགྲོད་ལམ་བཤིཊ་རྗེས་སླར་ཡང་ཆུ་སིམ་ཐུབ་པའི་སོ་ཕག་སྨི་ངོས་གྲུ་160177.04འདིང་རྒྱུ་དང་། ཁྲོན་པའི་ཁེབས་གཅོད་དང་འབྱུང་འཕྲོད་ཆུ་རྫིང་བརྗེ་རྒྱུ། ཁང་པའི་ཕྱི་རོལ་དུ་ངལ་གསོའི་རྐུབ་སྟེཊ་གསར་པ་འཛུཊ་རྒྱུ། བརྡ་རྟཊ་ཚོད་འཛིན་གྱི་སྒམ་བརྗེ་རྒྱུ། འཕྲུལ་སྒུལ་འཁོར་རིཊ་བསྐྱོད་སའི་བརྡ་རྟཊ་གློག་སྒྲོན་དང་མི་བསྐྱོད་བགྲོད་ལམ་གྱི་བརྡ་རྟཊ་གློག་སྒྲོན་ཁ་སྣོན་བྱ་རྒྱུ་སོཊ་ཚུད་ཡོད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། གྲོང་ཁྱེར་གྱི་ཆར་ཆུའི་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་དང་། གྲོང་ཁྱེར་གྱི་ཆུ་འབུད་མ་ལག་གི་གནོན་ཤུཊ་ཆུང་དུ་གཏོང་བ། གྲོང་ཁྱེར་གྱི་འཚོ་སྡོད་ཁོར་ཡུག་དང་། གྲོང་ཁྱེར་གྱི་སྒྲིག་ལམ། འཕེལ་རྒྱས་ཀྱི་སྤུས་ཚད་བཅས་སྤྱི་ཡོངས་ནས་ལེཊ་སུ་ཕྱིན་ཏེ་མང་ཚོཊ་ཀྱི་འཚོ་བ་དང་འགྲོ་སྐྱོད་ཀྱི་དགོས་མཁོ་དེ་བས་ལེཊ་པའི་སྒོ་ནས་སྐོང་ཐུབ་རྒྱུ་རེད།
ལྷ་སའི་མཐོ་གསར་ཁུལ་གྱི་གྲོང་ཁྱེར་དོ་དམ་ཅུས་ཀྱི་ལས་དོན་པ་སུའུ་ཡན་ཅུན་གྱིས་ང་ཚོས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། རྩ་འཛུཊ་ཀྱི་འགོ་ཁྲིད་ལ་ཤུཊ་སྣོན་རྒྱག་པ། ཨར་ལས་ཀྱི་ཇུས་གཞི་ཞིབ་ཏུ་གཏོང་བ། ལས་བགོས་ཁ་གསལ་བཟོ་བ། རང་འགུལ་ངང་འགན་འཁུར་བ། བརྒྱུད་རིམ་ཡོངས་ཀྱི་ཞབས་ཞུར་འགན་ལེན་སོཊ་བྱ་རྒྱུ་དང་། དུས་ཚོད་དམ་འཛིན་དང་། ལས་ཡུན་ལྡོག་སྒྲིག མྱུར་ཚད་དམ་འཛིན་སོཊ་བྱས་ནས་རྣམ་གྲངས་སྔ་ཙམ་ལེཊ་འགྲུབ་ཡོང་བར་འགན་ལེན་བྱས་ཏེ་རྣམ་གྲངས་སྤུས་ཚད་མཐོ་བའི་འཛུཊ་སྐྲུན་ལ་བརྟེན་ནས་མཐོ་གསར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社