分享按钮

(པར་ངོས་དང་པོར་མཐུད)ལས་རིགས་ཁག་ལྔའི་འཕེལ་རྒྱས་ཁུལ་ལེགས་སུ་གཏོང་བ། ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་བ་བཅས་བྱས་པས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་ཅེས་དང་། ཀྲུང་གོ་འགྲིམ་འགྲུལ་ཚོགས་པར་སྟོབས་ཤུགས་ཆེན་པོ་དང་། སྔོན་ཐོན་གྱི་ལག་རྩལ། ཉམས་མྱོང་ཕུན་སུམ་ཚོགས་པོ་བཅས་ལྡན་པས་འབྱུང་འགྱུར་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་སྔར་རྒྱུན་བཞིན་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་ལག་གདང་སྦྲེལ་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷ་སའི་འགྲིམ་འགྲུལ་འཛུགས་སྐྲུན་དང་། གྲོང་ཁྱེར་གསར་བརྗེ། ཐོན་ལས་འཕེལ་རྒྱས། འབྱུང་ཁམས་བཅོས་སྐྱོང་བཅས་ནང་གཏིང་ཟབ་ཞུགས་ནས་སྤུས་ལེགས་ལས་གྲྭ་དང་། དཔེ་མཚོན་ལས་གྲྭ། དཔེ་སྟོན་ལས་གྲྭ་དེ་བས་མང་བ་ཧུར་ཐག་བསྐྲུན་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝང་ཧའེ་ཧོའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་གོ་འགྲིམ་འགྲུལ་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་།ལེགས་ཆའི་ཉམས་མྱོང་། དེ་བཞིན་བོད་དུ་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་བཅས་ངོ་སྤྲོད་གནང་བ་རེད། ཁོང་གིས་ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་ལྷ་སའི་དགོས་མཁོ་དང་ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་ནུས་པར་དམིགས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་། འགན་འཁྲི་འཁུར་བ། མ་མཐའི་མཚམས་ཐིག་སྲུང་བ། དེ་བས་ཚད་གཞི་མཐོ་བ་དང་དེ་བས་ཆུ་ཚད་མཐོ་བའི་ཐོག་ནས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-22 6 6 拉萨日报藏文 c183143.html 1 /enpproperty-->