ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཁོང་ཚོས་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་དེ་བས་ལེགས་པའི་སྒོ་ནས་ཁོང་དུ་ཆུད་པར་བྱ་ཆེད། ཉེ་ཆར་གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས་བཟའ་བཅའི་བདེ་འཇགས་ཀྱི་མེ་འགོག་གྱང་བསྐྲུན་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་ཅེས་པ་གཙོ་དོན་བྱས་པའི་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱའི་དྲིལ་བསྒྲགས་འཆད་ཁྲིད་བྱས་པ་རེད།
འཆད་ཁྲིད་བྱ་ཡུལ་དུ་སྡེ་ཁུལ་གྱི་ལས་དོན་པས་དེ་གར་ཡོད་པའི་གྲོང་མི་མང་ཚོགས་ལ་བཟའ་བཅའི་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་འདྲི་ཤོག་སྤྲད་ནས་བརྟག་དཔྱད་བྱས་པ་དང་དེ་རྗེས་སྡེ་ཁུལ་གྱི་སྒྲོག་འགྲེལ་པས་འདྲི་ཤོག་བརྟག་དཔྱད་བྱས་འབྲས་ལ་གཞིགས་ནས་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐོན་པའི་རྒྱུ་རྐྱེན། རྒྱུན་དུ་མཐོང་བའི་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་གོ་སླ་བའི་སྐད་ཆའི་ཐོག་ནས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད་པ་རེད།
གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་གྲོང་མི་ནོར་བུ་ཆོས་གྲགས་ཀྱིས་ད་ཐེངས་ཀྱི་འཆད་ཁྲིད་ནང་སྔོ་ཚལ་དང་ཤིང་ཏོག་སྣ་ཚོགས་གཙང་འཁྲུད་བྱེད་སྟངས་དང་འདེམས་སྟངས་གླེང་བར་མ་ཟད། ང་ཚོར་རྒྱུན་གཏན་གྱི་འཚོ་བའི་ཁྲོད་བཟའ་བཏུང་འཕྲོད་བསྟེན་དང་འཚོ་བཅུད་དོ་སྙོམས་ཡོང་བར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་བྱུང་། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
གཞན་ཡང་ས་གནས་ས་ཐོག་ཏུ་ད་དུང་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་བརྙན་ཐུང་བསྟན་པའི་རྣམ་པའི་ཐོག་ནས་གྲོང་མི་མང་ཚོགས་ཀྱིས་བཟའ་བཅའི་བདེ་འཇགས་ལ་ཤེས་རྟོགས་དང་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ནས་ཁོང་ཚོའི་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་སྐུལ་སློང་ནུས་ལྡན་ཐུབ་ནས་ཁོང་ཚོས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་བཟའ་བཅའི་གདམ་ག་དང་ཐག་གཅོད་ལ་དེ་བས་མཐོང་ཆེན་བྱ་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།
གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་བསྟན་པ་དར་རྒྱས་ཀྱིས་ང་ཚོའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་བཟའ་བཅའི་བདེ་འཇཊ་ཀྱི་གནད་དོན་གང་སར་ཡོད་པ་དང་ཞིང་ནང་ནས་གསོལ་ལྕོག་བར་གྱི་ལྷུ་ཚིཊ་ཚང་མར་ཉེན་ཁ་ཡོད་སྲིད་པས་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བཟའ་བཅའི་བདེ་འཇཊ་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ང་ཚོ་ཚང་མའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་ཟས་ཐུན་རེ་རེ་ནས་འགོ་བཙུཊ་ཏེ་རང་ཉིད་དང་ཁྱིམ་མིའི་བདེ་ཐང་ལ་འགན་ཁུར་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྡེ་ཁུལ་གྱི་འཚོ་བ་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན་ཞེས་བཤད།
སླད་ཕྱིན་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས་བཟའ་བཅའི་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཐབས་ལམ་དང་རྣམ་པ་མང་པོའི་ཐོག་ནས་ཚོང་དུད་དང་མང་ཚོགས་ལ་བཟའ་བཅའི་བདེ་འཇགས་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས་གྲོང་མིར་བདེ་འཇགས་དང་བདེ་ཐང་གི་བཟའ་བཅའི་ཁོར་ཡུག་ཅིག་བསྐྲུན་ནས་གྲོང་མིའི་ལྕེ་ཐོག་གི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社