ཆུ་སིམ་འཛུལ་ཡག་པའི་གྲོང་ཁྱེར་འཛུགས་སྐྲུན་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་ལེན་མཐར་ཕྱིན་བསྟར་བ་དང་།གྲོང་ཁྱེར་ཡོངས་སུ་སྤེལ་བཞིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ།འདི་ལོ་ནས་བཟུང་།ལྷ་སའི་མཐོ་གསར་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་མི་བསྐྱོད་བགྲོད་ལམ་38ལ་ཆུ་སིམ་འཛུལ་ཡག་པའི་སྒྱུར་བཀོད་ལས་གྲྭ་སྤེལ་ནས་རང་གྲོང་གི་ཆུ་སིམ་འཛུལ་ཡག་པ་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་གཏན་དང་ཡུན་ཕན་གྱི་སྒོ་ནས་སྲ་བརྟན་དུ་བཏང་ཡོད།
ཉེ་ཆར།གསར་འགོད་པ་ལྷ་སའི་མཐོ་གསར་ཁུལ་གྱི་ཚ་རྒུར་ལམ་ཆེན་བྱང་རྒྱུད་དུ་སྐྱོད་སྐབས་དེ་སྔའི་མི་བསྐྱོད་བགྲོད་ལམ་ཐོག་གི་སོ་ཕག་སྙོམས་པོ་མེད་པ་དག་ད་ཆ་ཁོད་སྙོམས་ཤིང་ཆུ་སིམ་འཛུལ་ཡག་པའི་སོ་ཕག་གསར་རྐྱང་བཏིངས་ཟིན་པ་དང་།ཨར་ལས་མི་སྣས་བྱང་ནས་ལྷོ་བར་གྱི་མི་བསྐྱོད་བགྲོད་ལམ་གྱི་ཆུ་སིམ་འཛུལ་ཡག་པའི་སྒྱུར་བཀོད་ལས་གྲྭ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་མཐོང་བྱུང་། པེ་ཅིང་ལམ་ཆེན་དང་དུས་རབས་ལམ་ཆེན་གྱི་མི་བསྐྱོད་བགྲོད་ལམ་གྱི་སྒྱུར་བཀོད་ལས་གྲྭ་དུས་གཅིག་ཏུ་སྤེལ་བཞིན་ཡོད་པས་ཡུལ་དངོས་སུ་བྲེལ་འཚུབ་ཆེ་བའི་འཛུགས་སྐྲུན་གྱི་རྣམ་པས་ཁེངས་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社