分享按钮

གྲོང་ཁྱེར་ཡོངས་ཀྱི་2024ལོའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དང་དབང་པོ་སྐྱོན་ཅན་གྱི་ཡང་དག་པའི་བདེ་ཐང་སླར་གསོའི་ཞབས་ཞུའི་ལས་དོན་ཟུང་འབྲེལ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར།ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་2024ལོའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་ཁག་དབྱེ་ནས་གཉེར་བ་རེད།

འགོ་ཚུགས་མཛད་སྒོའི་ཐོག་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན་ལ་ངོས་འཛིན་ཇི་ལྟར་བྱ་རྒྱུ་དང་།ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་ཁྱོན་ཡོངས་ནས་རྒྱས་བཤད་ཞིབ་ཕྲ་བྱས་པ་དང་འབྲེལ་རེ་བ་དང་བླང་བྱ་ཡང་བཏོན་པ་རེད། དབང་པོ་སྐྱོན་ཅན་ནི་ཁྱིམ་ཚང་སྨན་པས་གན་རྒྱ་བཞག་ནས་ཞབས་འདེགས་ཞུ་བའི་མི་ཚོགས་གཙོ་བོ་ཞིག་ཡིན་པ་དང་། ཁྱིམ་ཚང་སྨན་པས་གན་རྒྱ་བཞག་པའི་ཞབས་ཞུ་ནི་དབང་པོ་སྐྱོན་ཅན་ལ་མི་ཚང་མར་བདེ་ཐང་སླར་གསོའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་། དབང་པོ་སྐྱོན་ཅན་གཙོ་བོར་བཟུང་ནས་ཡུན་རིང་དང་། བརྟན་པོ། རྒྱུན་མཐུད་བཅས་ཀྱི་སྨན་པ་དང་ནད་པའི་འབྲེལ་བ་བཙུགས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་དེ་བས་ལེགས་པ་བྱེད་པའི་སྨན་བཅོས་ཞབས་ཞུའི་རྣམ་པ་ཞིག་རེད།

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ཁག་གཉིས་སུ་དབྱེ་ནས་གཉེར་བ་དང་གསོ་སྦྱོང་དུས་ཚོད་ནི་ཟླ་6ཚེས་17ཉིན་ནས་ཟླ་6ཚེས་22ཉིན་བར་ཡིན་པ་དང་། གསོ་སྦྱོང་ནང་ཞུགས་མཁན་མི་གྲངས་བརྒྱ་ཕྲག་ཁ་ཤས་ཟིན་རྒྱུ་རེད། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ནང་དོན་དང་བརྒྱུད་རིམ་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཤེས་བྱ། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་སྨན་བཅོས་སོགས་ཀྱི་ཐད་ནས་སྦྱོང་བརྡར་ནང་ཞུགས་མཁན་སློབ་མར་སློབ་ཁྲིད་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་སྨན་བཅོས་དང་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ཞབས་ཞུའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དང་དབང་པོ་སྐྱོན་ཅན་གྱི་ཡང་དག་པའི་བདེ་ཐང་སླར་གསོའི་ཞབས་ཞུའི་ལས་དོན་ཟུང་འབྲེལ་དམ་ཚགས་བྱ་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ལ་དམིགས་སའི་རང་བཞིན་དང་ཉེར་སྤྱོད་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། སྦྱོང་བརྡར་ནང་ཞུགས་མཁན་སློབ་མས་གསོ་སྦྱོང་གི་ནང་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་།ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་བརྟེན་ནས་བདེ་ཐང་དོ་དམ་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་ཁྱབ་སྤེལ་ཡག་པོ་བྱས་ཏེ་དབང་པོ་སྐྱོན་ཅན་ལ་དེ་བས་བདེ་འཇགས་དང་། སྟབས་བདེ། ནུས་ལྡན།རྒྱུན་མཐུད། གོང་ཚད་ཁེ་པོ་བཅས་ཀྱི་གཞི་རྩའི་སྨན་བཅོས་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་བསྒྲུབས་ནས་གྲོང་མིའི་གན་འཇོག་ཞབས་ཞུའི་ཐོབ་སྣང་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་བློ་མགུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-21 6 6 拉萨日报藏文 c183127.html 1 གྲོང་ཁྱེར་ཡོངས་ཀྱི་2024ལོའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ། /enpproperty-->