ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ལྷ་སའི་གྲོང་ཁུལ་གྱི་ཁྱབ་ཁོངས་ནང་གི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དུ་བརྙན་འཕྲིན་གྱི་གྲོན་དངུལ་བསྡུ་བ་དང་བཀོལ་སྤྱོད་རྙོག་འཛིང་ཆེ་བའི་བཅོས་སྐྱོང་ལས་དོན་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།
ཉིན་དེའི་སྔ་དྲོར། ཞིབ་བཤེར་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་ལྷ་སའི་གནས་མཆོག་ལྷ་ཡུལ་ཀྲོའུ་ཅེ་གསོལ་མགྲོན་ཁང་ཆེན་མོ་དང་། ཧི་མ་ལ་ཡ་གསོལ་མགྲོན་ཁང་། ལྷ་སའི་གསོལ་མགྲོན་ཁང་དུ་བསྐྱོད་དེ་གཙོ་གནད་ཐོག་གསོལ་མགྲོན་ཁང་གི་བརྙན་འཕྲིན་ཐོག་མར་སྟོན་པར་མགྲོན་བསུའི་རྣམ་པ་དང་ཐད་གཏོང་དུ་འཛུལ་དགོས་པ་ནི་ཕྱོགས་སྟོན་གྱི་བླང་བྱ་དང་མཐུན་མིན་ལ་དམིགས་ཏེ་བརྙན་འཕྲིན་གྱི་ཐད་གཏོང་འཕྲིན་ལམ་ལ་བལྟ་རྒྱུ་དང་། བརྙན་འཕྲིན་གྱི་བརྡ་རྟགས་ཀྱི་འབྱུང་ཁུངས་དང་བརྙན་ལམ་རེ་སྐུལ་ལས་སྒོ་ཚད་ལྡན་དུ་གཏོང་རྒྱུ། དྭངས་གསལ་རིམ་སྤོར་སོགས་ཕྱོགས་མང་པོའི་ཐད་ནས་ཆེད་དོན་བཅོས་སྐྱོང་བྱས་པ་རེད།
2023ལོ་ནས་ད་བར། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བརྙན་འཕྲིན་བལྟ་དཀའ་བ་དང་བརྙན་འཕྲིན་བལྟ་བར་སུན་སྣང་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ལས་རིགས་ཡོངས་ཀྱི་ནུས་ཤུགས་སྤྱད་དེ་བཅོས་སྐྱོང་གཉིས་ཀྱི་ལས་དོན་སྤེལ་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་དང་།མང་ཚོགས་ཀྱི་རེ་ཞུར་ལན་སློག་རྒྱུ་དེ་དམངས་སེམས་ཀྱི་ཁྲིད་སྟོན་དུ་བྱས་ཏེ་རླུང་འཕྲིན་བརྙན་འཕྲིན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ལོ་དེའི་ཟླ་བ་8པར། བོད་རང་སྐྱོང་ལྗོངས་རླུང་བརྙན་འཕྲིན་ཅུས་ཀྱིས་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་ལས་ཀའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བརྙན་འཕྲིན་བལྟ་བར་རྙོག་འཛིང་ཆེ་བ་དང་གྲོན་དངུལ་བསྡུ་བའི་བཅོས་སྐྱོང་གི་བྱེད་སྒོ་སྤེལ་ཞིང་། ལོ་ཕྱེད་རིང་འབད་བརྩོན་བྱས་པ་བརྒྱུད།དུས་མཚམས་དང་པོའི་ཁྱིམ་སྤྱོད་བརྙན་འཕྲིན་གྱི་སྣེ་སྒམ་དུད་ཚང་དུ་སྤྱོད་མཁན་གྱི་བཅོས་སྐྱོང་ལས་དོན་མཇུག་འགྲིལ་བ་དང་།དུས་མཚམས་གཉིས་པར་གསོལ་མགྲོན་ཁང་དུ་བརྙན་འཕྲིན་བལྟ་བར་རྙོག་འཛིང་ཆེ་བའི་ཆེད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། མིག་སྔའི་བར་བརྒྱ་ཆ་50ལེགས་གྲུབ་ཟིན་ཡོད།
གསོལ་མགྲོན་ཁང་གི་བརྙན་འཕྲིན་བཀོལ་སྤྱོད་རྙོག་འཛིང་ཆེ་བའི་བཅོས་སྐྱོང་ནི་མི་དམངས་ཀྱི་དགོས་མཁོ་སྐོང་བ་དང་མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པའི་དམངས་སེམས་ཀྱི་ལས་གཞི་ཞིག་ཡིན་ལ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་རླུང་འཕྲིན་བརྙན་འཕྲིན་གྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་ལས་གཞི་ཞིག་ཀྱང་ཡིན། ད་ཐེངས་བཅོས་སྐྱོང་བྱས་པ་བརྒྱུད་གསོལ་མགྲོན་ཁང་གི་བརྙན་འཕྲིན་བཀོལ་སྤྱོད་སྟབས་བདེ་ཅན་དང་། ཞབས་ཞུ་སྤུས་ལེགས་ཅན། དོ་དམ་ཚད་ལྡན་ཅན་བཅས་སུ་སྔར་བས་མངོན་འགྱུར་བྱུང་ཡོད་པ་རེད།
ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་བོད་ལྗོངས་དྲ་རྒྱ་ཚད་ཡོད་ཀུང་སིའི་ཁྲོམ་ར་པུའུ་ཡི་སྤྱི་ཁྱབ་ལྟ་ཞིབ་པ་ཆེ་ཅང་ཐའེ་ཡིས་མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་སུ་གསོལ་མགྲོན་ཁང་11ལ་བཅོས་སྐྱོང་བྱས་ཟིན་པ་དང་། གསོལ་མགྲོན་ཁང་11ཚང་མ་གསོལ་མགྲོན་ཁང་གི་བརྙན་འཕྲིན་བཅོས་སྐྱོང་ལག་བསྟར་ཕྱོགས་སྟོན་གྱི་བླང་བྱ་དང་མཐུན་ཡོད། རྗེས་མར་ངེད་ཀུང་སིས་ཀྲུང་དབྱང་རིག་གནས་ཁེ་ལས་ཆེ་གྲས་ཀྱི་འགན་འཁྲི་མུ་མཐུད་ཡག་པོ་བསྒྲུབས་ནས་ལྷ་ས་གྲོང་ཁྱེར་ནང་གི་སྐུད་ཡོད་བརྙན་འཕྲིན་ཡོད་པའི་གསོལ་མགྲོན་ཁང་ཚང་མས་དུས་མཚམས་གཉིས་པའི་གསོལ་མགྲོན་ཁང་གི་བརྙན་འཕྲིན་བཀོལ་སྤྱོད་རྙོག་འཛིང་ཆེ་བའི་ཆེད་དོན་བཅོས་སྐྱོང་ལས་དོན་གྱི་བླང་བྱ་ལག་བསྟར་ཐུབ་པར་བྱ་རྒྱུ་དང་།དུས་མཚུངས་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང་རིན་མེད་ངང་ཆེས་དྭངས་གསལ་གྱི་བརྙན་འཕྲིན་གྱི་སྣེ་སྒམ་བརྗེ་བའི་བྱེད་སྒོ་སྔར་བས་སྤེལ་རྒྱ་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་ལ་ཕན་པའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社