分享按钮

མལ་གྲོ་གུང་དཀར་རྫོང་གི་ཆན་ཧྥུའུ་110ཡི་ནུས་རྒྱུ་གསར་པའི་ ལས་གྲྭ་འཁོར་སྐྱོད་བྱེད་འགོ་ཚུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར།ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་ཆན་ཧྥུའུ་110ཡི་ནུས་རྒྱུ་གསར་པའི་ལས་གྲྭ་བདེ་བླག་ངང་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་།ལས་གྲྭ་དེ་ནི་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པ་སྐྱེལ་གཏོང་བྱེད་པའི་ལས་གྲྭ་དང་པོ་དེ་ཡིན་པ་རེད།

ལས་གྲྭའི་གསར་དུ་བསྐྲུན་པའི་ལམ་ཐིག་གི་སྤྱིའི་རིང་ཚད་སྟོང་སྨི་25.527ཡིན་པ་དང་། ཁེར་ལོག་ཆན་ཧྥུའུ་110ཡི་གློག་སྐྱེལ་སྐུད་ལམ་གསར་དུ་བསྐྲུན་པ་བརྒྱུད།མལ་གྲོའི་ཧྭ་གློག་འོད་གསོག་གློག་ཁང་དང་ཐང་སྐྱའི་ཆན་ཧྥའུ་110ཡི་གློག་སྒྱུར་ས་ཚིགས་སྦྲེལ་མཐུད་བྱས་ནས་ཀྲའོ་ཝ་100ཡི་འོད་ཤུགས་ལྷ་སའི་གློག་དྲར་སྦྲེལ་མཐུད་བྱ་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས།ལྷ་སའི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ཆེས་ཆེར་ཞི་ལྷོད་དུ་འགྲོ་རྒྱུ་དང་གློག་ཤུགས་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་དང་དུས་མཚུངས་ལྷ་སའི་གློག་དྲ་གློག་འདོན་གྱི་བློས་འགེལ་རང་བཞིན་དང་བརྟན་བརླིང་རང་བཞིན་སྔར་བས་ཆེ་རུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།

གསར་འགོད་པས་ཤེས་རྟོཊ་བྱུང་བར་གཞིགས་ན། 2023ལོའི་ཟླ་9ཚེས་30ཉིན་ལས་འགོ་ཚུགས་པ་ནས་བཟུང་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ལས་གྲྭའི་ཡུལ་དངོས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཡུན་ལ་ལུགས་མཐུན་གྱི་འཆར་འགོད་བྱེད་པ། བཅོས་སྒྲིག་གི་འཆར་གཞི་དུས་ཐོག་ཏུ་བཀོད་སྒྲིག་བྱས་པ་བཅས་བརྒྱུད་ཟླ་བ་བརྒྱད་ནང་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་འབྲེལ་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། ཕྱིས་འབྱུང་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་རྣམ་གྲངས་ལྷག་མ་མུ་མཐུད་བསྐྲུན་མགྱོགས་སུ་བཏང་ནས་གང་མགྱོགས་འཁོར་སྐྱོད་ཐུབ་པར་བྱ་རྒྱུ་དང་།འབྱུང་འཕྲོད་དང་། གཙང་མ། ནུས་ཆེ་བཅས་ཀྱི་དེང་རབས་ནུས་རྒྱུའི་མ་ལག་འཛུགས་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-20 6 6 拉萨日报藏文 c182978.html 1 མལ་གྲོ་གུང་དཀར་རྫོང་གི་ཆན་ཧྥུའུ་110ཡི་ནུས་རྒྱུ་གསར་པའི་ ལས་གྲྭ་འཁོར་སྐྱོད་བྱེད་འགོ་ཚུགས་པ། /enpproperty-->