分享按钮

གུར་ས་སྡེ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་གི་ དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཀྲི་པུའུ་5པ་དང་། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་སྤྱི་ཁྱབ་ཀྲི་པུའུ། གུར་ས་སྡེ་ཁུལ་གྱི་དང་བླངས་པ་བཅས་ཀྱིས་གུར་ས་སྡེ་ཁུལ་དུ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། སྟོད་གོས་དམར་པོ་གྱོན་པའི་དང་བླངས་པ་ལ་ལས་གད་ཕྱིས་རྒྱག་པ་དང་། ལ་ལས་མེ་ཏོག་ལྡུམ་རའི་ནང་གི་གད་སྙིགས་སྒྲུག་པ། ཡང་ལ་ལས་གད་སྙིགས་གད་གཞོང་ནང་བླུགས་པ་བཅས་མདོར་ན་ལས་བགོས་ཁ་གསལ་བ་དང་གོ་རིམ་ལྡན་ལ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ཡོད།

ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཉི་མ་དོན་གྲུབ་ཀྱིས་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྡེ་ཁུལ་དང་ཚོང་དུད་དུ་སྤེལ་བ་ལས་གྲོང་མི་མང་ཚོཊ་ཀྱིས་ཀྲུང་ཧྭའི་སྤྱོད་བཟང་རྒྱུན་འཛིན་དང་། ཤེས་དཔལ་གྱི་སྲོལ་གསར་གཏོད་རྒྱུར་ཁྲིད་སྟོན་ཐུབ་ནས་ལྷ་སའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་རོགས་རམ་ཐུབ་ཡོད་ཅེས་བཤད།

བྱེད་སྒོས་འཛམ་གླིང་ཁོར་ཡུག་ཉིན་མོའི་གཙོ་དོན་ལ་དམ་པོར་དམིགས་ནས“སྙིགས་མེད་གྲོང་ཁྱེར”གཏོད་པ་དང་།འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་། གད་སྙིགས་རིགས་དབྱེ། འགྱིག་སྙིགས་གཏན་འགོག་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ལ་འབྱུང་ཁམས་ཁོར་ཡུག་གི་འདུ་ཤེས་བཟང་པོ་སྐྱེད་སྲིང་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང། ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་ཚུགས་ཏེ་སྟབས་བདེ་ལ་འོས་ཞིང་འཚམ་པའི་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་ཧུར་ཐག་བསྟར་ནས་ལྗང་མདོག་ཐཱན་ཉུང་གི་འཚོ་བ་དེ་རྒྱུན་གཏན་གྱི་གོམས་གཤིས་ཤིག་ཏུ་འགྱུར་བར་བྱས་པ།“སྙིགས་མེད་གྲོང་ཁྱེར”གཏོད་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

གུར་ས་སྡེ་ཁུལ་གྱི་གྲོང་མི་ཚེ་རིང་བསྟན་འཛིན་གྱིས་དྲིལ་བསྒྲགས་བྱེད་སྒོ་དེ་དག་ཧ་ཅང་ཡག་པོ་ཡོད་འདུག ང་ཚོས་ཁོར་ཡུག་གི་སྦགས་བཙོག་ལ་ངོས་འཛིན་བྱེད་ཚད་མཐོ་རུ་ཕྱིན་པ་དང་། ལྷག་པར་དུ་འགྱིག་སྙིགས་ཀྱི་གནོད་འཚེར་ཤེས་རྟོགས་བྱུང་ལ། གད་སྙིགས་རིགས་དབྱེ་ཡང་ཤེས་བྱུང་བས་ང་ཚོས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ། འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་རང་ནུས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-20 6 6 拉萨日报藏文 c182977.html 1 གུར་ས་སྡེ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་གི་ དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->