(པར་ངོས་དང་པོར་མཐུད)《བརྡ་ཐོའི》ནང་འོས་སྦྱོར་དཔྱད་འདེམས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན་ཁ་གསལ་བཟོས་ཡོད་པ་སྟེ།2019ལོ་ནས་བཟུང་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་མཉམ་སྡེབ་དཔེ་བཟང་་དང་དཔེ་བཟང་བ་མི་སྒེར་ཚང་མ་འོས་སྦྱོར་བྱས་ཆོག་པ་དང་།ཆ་རྐྱེན་དང་མཐུན་པའི་འདས་གྲོངས་ཟིན་པའི་མི་སྣར་གཟེངས་བསྟོད་བྱས་ཆོག་གི་ཡོད་པ་རེད།འོས་སྦྱོར་བྱ་ཡུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བསམ་པའི་ཁྱིམ་གཞིས་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པ། ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ།མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ།མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ནུས་ལྡན་ངང་སེལ་བ། མི་རིགས་ས་ཁུལ་གྱི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་ཕྱོགས་གཞན་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་མཉམ་སྡེབ་དང་མི་སྒེར་བཅས་ཚུད་ཡོད།
《བརྡ་ཐོའི》ནང་འོས་སྦྱོར་དཔྱད་འདེམས་ཀྱི་གོ་རིམ་དང་ལས་ཀའི་བླང་བྱ་ཁ་གསལ་བཟོས་ཡོད་པ་སྟེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པ། གཏན་འབེབས་བྱས་པའི་ཚད་གཞི་དང་། ཆ་རྐྱེན། གོ་རིམ་བཅས་ནན་པོ་ལྟར་འོས་སྦྱོར་བྱ་ཡུལ་གྱི་ཆབ་སྲིད་ཀྱི་བྱང་ཚད་དང་།བྱས་རྗེས་གཙོ་བོ། མང་ཚོགས་ཀྱིས་ཁས་ལེན་པའི་གནས་ཚུལ་བཅས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ་འོས་སྦྱོར་བྱ་ཡུལ་གྱི་སྔོན་ཐོན་རང་བཞིན་དང་།མཚོན་བྱེད་རང་བཞིན།དུས་རབས་རང་བཞིན་བཅས་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་དང་། བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ།མང་ཚོགས་ཀྱིས་གདེང་འཇོག་བྱེད་པར་མཐོང་ཆེན་བཅས་བྱས་ཏེ་ཡོངས་བསྒྲགས་དང་དྲང་གཞག་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社