(པར་ངོས་དང་པོར་མཐུད)ཁེ་ལས་འབྲིང་ཆུང་ལ་ཡིད་ཆེས་ཆེ་རུ་འགྲོ་བ་དང་གཉེར་སྐྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་ཐུབ་ལ《དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་པ།ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་8པར་འགྲེམས་བྱ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བརྡ་ཐོའི》ཡིག་ཆའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་དེ་བས་ཕན་ཐོགས་ཡོད་པ་དང་།དཔལ་འབྱོར་རྒྱུན་མཐུད་ངང་འཕར་ཐུབ་པ་དང་ལྷ་སའི་ཁེ་ལས་ལ་ལས་མི་དང་ཚོང་ཤག་དེ་བས་མང་བ་ཡོང་བའི་གཉེར་སྐྱོང་གི་འདུ་ཤེས་གཏོད་རོགས་བྱས་ནས་ལས་རིགས་ལ་ནུས་པ་དེ་བས་ལེགས་པ་དང་སྤྱི་ཚོགས་ལ་ནུས་པ་དེ་བས་ལེགས་པ་མཁོ་འདོན་བྱས་ཡོད།
བོད་ལྗོངས་ཧྲེང་ཧོ་ཧྲུའུ་ཡི་ཏུང་ཧྲི་ཀྲང་ཀེ་ཏུང་གིས་ཏའོ་ཧྲེང་གཉེར་སྐྱོང་རིག་པར་ལག་ལེན་དངོས་ཀྱི་རིག་པ་དང་མཚན་ཉིད་ཀྱི་རིག་པ་གཉིས་སུ་དབྱེ་ཡོད།ན་གཞོན་གྱི་བྱ་གཞག་གསར་གཏོད་པ་མང་པོ་ཞིག་གི་ངོས་ནས་བརྗོད་ན་སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་པར་མཛུབ་ཁྲིད་ཀྱི་ནུས་པ་ལྡན་ཡོད། གང་ལགས་ཤེ་ན། བྱ་གཞག་གསར་གཏོད་པ་མང་པོ་ཞིག་གིས་བྱ་གཞག་གསར་གཏོད་བྱས་མ་ཐག་ཁེ་ལས་ཇི་ལྟར་གཉེར་སྐྱོང་བྱེད་དགོས་པ་དང་ནོར་དོན་སྐོར་གྱི་སྲིད་ཇུས་ཤེས་ཀྱི་མེད།དེར་བརྟེན་ཏའོ་ཧྲེང་གཉེར་སྐྱོང་ལ་སློབ་སྦྱོང་བྱས་རྗེས།རྨང་གཞིའི་རྩིས་གཉེར་སོགས་ཚུད་པའི་སློབ་ཚན་རབ་དང་རིམ་པས་ལས་གཏོད་པར་ཇི་ལྟར་བྱས་ནས་ལས་གཏོད་བྱེད་དགོས་མིན་གསལ་པོར་གསལ་བཤད་བྱེད་པ་དང་སློབ་ཚན་མང་པོ་ཞིག་རིན་མེད་ངང་མཉམ་སྤྱོད་བྱེད་ཀྱི་ཡོད།
ཉིན་དེའི་གྲུབ་འབྲས་མཉམ་སྤྱོད་ཀྱི་ལྷུ་ཚིགས་ནང་རང་གྲོང་གི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཝང་པིན་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས《དུས་འཁོར་འགྱུར་ལྡོག་ལ་དོ་དམ་བྱེད་པའི་གཏན་འཁེལ་རང་བཞིན་དང་འབྱུང་འགྱུར་གྱི་གཏན་འཁེལ་རང་བཞིན་མེད་པར་ཁ་གཏད་ཇི་ལྟར་གཅོག་དགོས་མིན》གཙོ་དོན་དུ་བྱས་ཏེ་ངོ་མཚར་ཆེ་བའི་མཉམ་སྤྱོད་བྱས་པ་དང།གྱོད་དཔེ་དངོས་ཀྱི་ཐོག་ནས་ཏའོ་ཧྲེང་གཉེར་སྐྱོང་རིག་པའི་ནང་དོན་ལ་གསལ་བཤད་གཏིང་ཟབ་བྱས་ཡོད།
ཝང་པིན་གྱིས་ཏའོ་ཧྲེང་གཉེར་སྐྱོང་གི་ཅིང་ཚེ་མཚན་ཉིད་རིག་པར་སློབ་སྦྱོང་བྱས་རྗེས།རིག་གནས་དང་འཐབ་ཇུས་འཕེལ་རྒྱས་སོགས་ཚུད་པའི་ང་ཚོའི་ཧྥུའུ་ཁང་ཁེ་ལས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ཁེ་ལས་ལ་མཚོན་ན། ང་ཚོས་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ།དུས་རབས་ཀྱི་འཕེལ་རྒྱས་དང་དམ་པོར་བསྟུན་ནས་རང་བདག་གསར་གཏོད་ལ་ཤུགས་སྣོན་དང་སེམས་རྣལ་དུ་ཕབ་ནས་རང་ཉིད་ཀྱི་ཁེ་ལས་སྟོབས་ཆེར་གཏོང་རྒྱུ་ཡིན་ཞེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社