ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་15ཉིན་གྱི་སྔ་དྲོ། སྡེ་ཚོགས་གྲོང་ཨུད་ཀྱིས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས། གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག གྲོང་ཁྱེར་སློབ་གསོ་ཅུས། ལྷ་སའི་ཆིང་ཧྥེང་སྤྱི་ཕན་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་བཅས་དང་མཉམ་འབྲེལ་བྱས་ནས་གྲོང་ཁྱེར་ལོ་ཆུང་བྱིས་པའི་བྱེད་སྒོའི་ལྟེ་གནས་སུ“བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་ཕྱི་རོལ་གྱི་བདེ་འཇགས་སློབ་གསོའི་གཡུལ་ས་བསྐྲུན་རྒྱུ”གཙོ་དོན་དུ་བཟུང་ནས་གཞོན་ནུ་ལོ་ཆུང་གི་བདེ་འཇགས་རང་སྲུང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་དེའི་ནང་ཞུགས་མཁན་མི་གྲངས་300ལྷག་ཙམ་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་སློབ་ཁྲིད་དཔྱད་གཞིའི་ཡིག་རིགས་ཀྱིས་མི་མང་བོའི་ཡིད་དབང་འཕྲོག་ཡོད་པ་རེད། འགྲེལ་བཤད་པས་གཞོན་ནུ་ལོ་ཆུང་གི་ལོ་ཚོད་ཀྱི་ཁྱད་ཆོས་དང་ཤེས་རྟོགས་ཀྱི་ཆོས་ཉིད་ལ་གཞིགས་ནས་བྱིས་པའི་སྤྲོ་སྣང་སློབ་ཚན་དང་། PPTའགྲེལ་བཤད། འགུལ་རིས་འཁྲབ་སྟོན་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་ཡོམ་གྱི་གནོད་འཚེ་སྔོན་འགོག་དང་། འགྲིམ་འགྲུལ་བདེ་འཇགས། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་ཡོད་པ་རེད། གསོན་ཉམས་དང་སྤྲོ་སྣང་ལྡན་པའི་སློབ་ཁྲིད་བྱེད་སྟངས་ཀྱིས་གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་གི་སྤྲོ་བ་འཕེལ་བར་བྱས་པ་མ་ཟད། ཁོ་ཚོས་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་ནས་རང་ཉིད་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་པ་རེད།
ལྷུན་གྲུབ་གསལ་སྒྲོན་གྱིས་ཨ་ཁུ་ཉེན་རྟོག་པས་ང་ཚོར་གཞུང་ལམ་བརྒལ་སྐབས་བདེ་འཇགས་ལ་དོ་སྣང་བྱ་དགོས་པའི་ཐད་གསལ་བཤད་ཞིབ་ཕྲ་བྱས་པར་མ་ཟད། ད་དུང་ང་ཚོར“གཅིག་སྡོད་གཉིས་བལྟ་གསུམ་བགྲོད”ཅེས་པའི་མན་ངག་ཀྱང་བསླབས་བྱུང་། མགོ་སྐོར་དང་ཆུ་ལ་བྱིང་བར་སྔོན་འགོག་བྱེད་པའི་ཤེས་བྱའི་བརྙན་ལམ་ལ་བལྟས་རྗེས། ངས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་རྟོགས་བྱུང་། སླད་ཕྱིན་ངས་རང་ཉིད་སྲུང་སྐྱོབ་ལ་དེ་བས་དོ་སྣང་བྱ་རྒྱུ་མ་ཟད། ངའི་གཅུང་པོ་དང་ནུ་མོ་ཚོར་ཕྱི་རོལ་དུ་མི་ཆ་མེད་འཕྲད་རྗེས་མགོ་སྐོར་འོག་ཏུ་མི་ཚུད་པར་བྱེད་དགོས་པ་དང་། ཆུ་རྩེད་རྩེད་སྐབས་བདེ་འཇཊ་ཡིན་པའི་ཆུ་རྐྱལ་ཁང་དུ་འགྲོ་དགོས་ཞེས་བཤད་རྒྱུ་ཡིན་ཞེས་བཤད་པ་རེད།
ཐེངས་འདིའི་བྱེད་སྒོའི་ནང་། ད་དུང་དམིཊ་བསལ་མཉམ་འགུལ་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཤིང་། “ཁྱེད་ཀྱི་དྲི་བར་ངས་ལན་འདེབས”ཞེས་པའི་བྱ་ཐབས་བརྒྱུད་ནས་གཞོན་ནུ་ལོ་ཆུང་ལ་ཉེན་ཁའི་རང་བཞིན་ཤེས་རྟོགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་འབྲེལ་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ནས་རང་སྲུང་རང་སྐྱོབ་བྱ་ཐབས་ཁྱབ་གདལ་བཏང་བ་རེད། ཁྱིམ་བདག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་རང་ཉིད་ཀྱི་ཕྲུ་གུའི་བདེ་འཇགས་སློབ་གསོར་དེ་བས་དོ་ཁུར་བྱེད་པ་དང་འབྲེལ་འབྱུང་འགྱུར་མུ་མཐུད་དེ་འདྲའི་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
ལྷ་སའི་ཆིང་ཧྥེང་སྤྱི་ཕན་འཕེལ་རྒྱས་ཞབས་ཞུ་ལྟེ་གནས་ཀྱི་དང་བླངས་པས་གཞོན་ནུ་ལོ་ཆུང་དང་ཁྱིམ་བདག་ལ་གསོན་ཉམས་དོད་པའི་མྱུར་སྐྱོབ་ཤེས་བྱ་འགྲེལ་བཤད་བརྒྱབ་ཡོད། ཁོང་ཚོས་སྣ་ཁྲག་བཀག་འགོག་དང་། བརྡབ་སྐྱོན་བཅོས་སྐྱོང་། གློ་སྙིང་སླར་གསོ་སོགས་རྒྱུན་མཐོང་གི་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་མྱུར་སྐྱོབ་ཀྱི་བྱ་ཐབས་ཞིབ་བརྗོད་བྱས་པར་མ་ཟད། རྣམ་པ་ལད་ཟློས་དང་ཡུལ་དངོས་ནས་ལག་ལེན་བྱས་པ་བརྒྱུད་ཁྱིམ་བདག་དང་ཕྲུ་གུ་ཚང་མས་མྱུར་སྐྱོབ་རྩལ་ནུས་དེ་དག་ཁོང་དུ་ཆུད་པ་དང་ཡང་དག་པའི་སྒོ་ནས་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།
གུང་གཞོན་སྡེ་ཚོཊ་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣ་ལྷག་པ་བསྟན་འཛིན་གྱིས་ང་ཚོས་ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་གཞོན་ནུ་ལོ་ཆུང་དང་ཁྱིམ་བདག་ལ་བདེ་འཇཊ་ཀྱི་གལ་ཆེའི་རང་བཞིན་ངོས་འཛིན་ཐུབ་པ་དང་འབྲེལ་གཞི་རྩའི་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་རྩལ་ནུས་ཁག་གཅིག་ཁོང་དུ་ཆུད་རྒྱུའི་རེ་བ་བྱེད་ཀྱི་ཡོད། སླད་ཕྱིན་ང་ཚོས་འབྲེལ་ཡོད་ཚན་པ་ཁག་དང་མཉམ་ལས་བྱེད་ཤུཊ་ཆེ་རུ་བཏང་ནས་གྲོང་ཁྱེར་རིམ་པའི་སློབ་ཕྱིའི་གསོ་སྦྱོང་གི་བདེ་འཇཊ་གཡུལ་ས་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་གཞོན་ནུ་ལོ་ཆུང་ལ་བདེ་འཇཊ་དང་། སྐྱིད་སྣང་། ཞི་མཐུན་བཅས་ཀྱི་སློབ་ཕྱིའི་གསོ་སྦྱོང་གི་ཁོར་ཡུག་ཅིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社