分享按钮

ཁྲེང་ཀོན་ཆུས་ཀྱི་ཏང་ཡོན་འཕེལ་རྒྱས་བྱ་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱད་པ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ཁྲེང་ཀོན་ཆུས་ཀྱི་ཏང་ཡོན་འཕེལ་རྒྱས་བྱ་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱད་པ་གཉེར་བ་རེད།

ཁྲེང་ཀོན་ཆུས་ཀྱི་ཚན་པ་ཁག་དང་། ལས་རིགས་ཁག ཁྱབ་ཁོངས་ཁག་བཅས་ཀྱི་ཏང་ནང་ཞུགས་མཁན་ཁྱོན་མི་194གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ཐེངས་འདིའི་གསོ་སྦྱོང་གཉེར་བ་ནི་ཏང་ཡོན་འཕེལ་རྒྱས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་དགོས་མཁོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་ཡིན། གསོ་སྦྱོང་ཁྲོད་བོད་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་དང་། ལྗོངས་དང་གྲོང་ཁྱེར་ཏང་གི་སློབ་གྲྭ། རྫོང(ཆུས)ཏང་གི་སློབ་གྲྭ་བཅས་ཀྱི་མཁས་དབང་གདན་དྲངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས། ཏང་གི་སྒྲིག་ཡིག ཏང་གཤིས་སློབ་གསོ་སོགས་ཀྱི་ནང་དོན་ཐད་ཆེད་དོན་སློབ་ཁྲིད་བྱས་པ་དང་དུས་མཚུངས་སློབ་མཇུག་འགྲིལ་བའི་ཚོད་ལྟ་དང་། སློབ་མའི་གླེང་སྟེགས། སློབ་མའི་གནད་དོན་གྱི་རྩིས་ཐོ་སོགས་བཀོད་སྒྲིག་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དང་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་འགན་ལེན་བྱས་ཡོད།

གསོ་སྦྱོང་ཁྲོད་ཞུགས་མཁན་གྱི་སློབ་མས་ཐེངས་འདིའི་གསོ་སྦྱོང་འགོ་འཛུགས་ས་གསར་པར་བྱས་ནས་རིགས་པའི་གཞུང་ལུགས་ཟབ་ཏུ་གཏོང་བ་དང་། རྨང་གཞི་བརྟན་དུ་གཏོང་བ། གོང་འཕེལ་ལ་སྐུལ་འདེད་བཅས་དངོས་སུ་ཐུབ་པར་བྱས་ཏེ་སླད་ཕྱིན་གྱི་ལས་དོན་ཁྲོད་ཏང་ཡོན་གྱི་ཚད་གཞིར་གཞིགས་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུ་དང་། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཡང་དག་འཛིན་ནས་ཏང་གཤིས་བློ་སྦྱོང་དང་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-20 6 6 拉萨日报藏文 c182971.html 1 ཁྲེང་ཀོན་ཆུས་ཀྱི་ཏང་ཡོན་འཕེལ་རྒྱས་བྱ་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱད་པ་གཉེར་བ། /enpproperty-->