ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་སྡེ་ཁུལ་ཁག་གི་དྲ་མིག་པ་སྒྲིག་འཛུགས་བྱས་ནས“དྲ་མིག་དམག་སྦྱོང་གིས་རྩལ་ནུས་སྟོབས་ཆེར་གཏོང་བ་དང་འགྲན་བསྡུར་སྟེགས་བུའི་ཐོག་ཉམས་འགྱུར་མངོན་པར་བྱེད་པའི”དྲ་མིག་པའི་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་ཧྲིལ་པོ་དེ“ངས་སྡེ་ཁུལ་གླེང་བ”དང་། “དྲ་མིག་ལ་རྒྱུས་མངའ་ཆེ་ཤོས་ང་ཡིན” “འཕེལ་རྒྱས་ང་ཡིས་གླེང” “སྲིད་ཇུས་ངས་ཤེས” “འགལ་བ་ངས་ཐག་གཅོད་བྱེད”ཅེས་པའི་ལྷུ་ཚིགས་ལྔ་གཙོ་བོར་བཟུང་ནས་གཏམ་བཤད་བྱས་པ་བརྒྱུད་ནས་དྲ་མིག་ལས་དོན་གྱི་དཀའ་ངལ་དང་ཉམས་མྱོང་མཉམ་སྤྱོད་དང་། ཡུལ་དངོས་ནས་དྲི་བར་ལན་འདེབས་པ། ཤེས་བྱའི་འགྲན་བསྡུར། གནས་ཚུལ་གྱི་རྣམ་པ་འཁྲབ་སྟོན་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྡེ་ཁུལ་ཁག་གི་དྲ་མིག་པས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དམངས་ལ་ཞབས་འདེཊ་ཞུ་བའི་དམིཊ་ཡུལ་ལག་ལེན་བསྟར་ནས་རང་འགུལ་ངང་འགན་འཁུར་བའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་པ་རེད།
རྩེད་ཞིང་སྡེ་ཁུལ་གྱིས་ཐབས་ལམ་གསར་པ་བཏོད་དེ་གནས་ཚུལ་གྱི་རྣམ་པ་འཁྲབ་སྟོན་བྱས་པ་བརྒྱུད་དྲ་མིག་ལས་བྱེད་པས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་སྐབས་ཀྱི་གནས་ཚུལ་མངོན་པར་བྱས་ནས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་དགའ་བའི་དགོད་སྒྲ་སྒྲོག་པར་བྱས་པར་མ་ཟད། དྲ་མིག་པས་དུས་རྒྱུན་གྱི་ལས་དོན་ཁྲོད་ཀྱི་དཀའ་སྤྱད་འབད་བརྩོན་གྱི་རྣམ་པ་མངོན་པར་བྱས་པ་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་བ་དང་སྦྲགས་དྲ་མིག་ལས་དོན་པས་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་བྱེད་ཐབས་ཡག་པོ་ལོངས་སུ་སྤྱད་པ་རེད།
ཐེངས་འདིའི་བྱེད་སྒོ་བརྒྱུད། སྡེ་ཁུལ་གྱི་དྲ་མིག་པ་ཚོས་གཞི་རིམ་དུ་རྩ་བ་ཚུཊ་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཤུཊ་ཆེན་ཕྱིན་ནས་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་དང་སྡེ་ཁུལ་ཁག་གི་དྲ་མིག་པས་མཉམ་སྤྱོད་བྱས་པའི་ཉམས་མྱོང་དང་དཔེ་མཚོན་ལྡན་པའི་གྱོད་དཔེ་དེས་ཏང་འཛུཊ་སྐྱོང་ལ་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། དྲ་མིག་དོ་དམ་དང་ཞབས་ཞུ་ཡག་པོ་སྒྲུབ་པ། གཞི་རིམ་བཅོས་སྐྱོང་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།
སླད་ཕྱིན་ཀུན་བདེ་གླིང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱིས་དྲ་ཐོག་ནས་མུ་མཐུད་དམངས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་དང་གནད་དོན་ཐག་གཅོད་བྱས་ཏེ་དྲ་བ་དེ་འགལ་བ་སེལ་བའི“གནོན་ཤུགས་གཅོག་སྟེམ”དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“འབྲེལ་ཟམ”ལྟུ་བུ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社