分享按钮

རང་གྲོང་གིས་གནམ་མཚོ་བར་གྱི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཤར་གཏོང་བྱས་པ།

སྟབས་བདེའི་ཞབས་ཞུར་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་གྲོང་གིས“ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ལ་སྐུལ་འདེད་བཏང་ནས་དམངས་ཕན་དང་ཁེ་ལས་རོགས་སྐྱོར་གྱི་སྲིད་ཇུས་དོན་ཚན་བརྒྱད”བཏོན་ཡོད། དེའི་ནང་ཡུལ་ཁོངས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཁྲོམ་རའི་གཙོ་གཟུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ལྷག་པར་དུ་ལྷ་ས་གྲོང་ཁུལ་ནས་གནམ་མཚོའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་བར་གྱི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཤར་གཏོང་ཐུབ་ནས་གྲོང་མི་དང་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་ཡུལ་སྐོར་གྱི་གདམ་ག་བྱེད་ས་ཞིག་མཁོ་འདོན་བྱས་ནས་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་དར་རྒྱས་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་བས་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཉོ་མཁན་གྱི་ཡུལ་སྐོར་ཚོགས་པས་ལྷ་ས་གྲོང་ཁུལ་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་བར་གྱི་རིན་མེད་ཤར་གཏོང་རླངས་འཁོར་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད་པ་རེད། རླངས་འཁོར་གཏོང་བའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་7དང་སྐར་མ་30དང་། ཆུ་ཚོད་8པ།ཆུ་ཚོད་8དང་སྐར་མ་30བཅས་སུ་གཏན་འཁེལ་བྱས་ཡོད་པ་དང་། ཕྱིར་ལོག་པའི་དུས་ཚོད་ནི་རིམ་པ་ལྟར་ཆུ་ཚོད་15དང་། ཆུ་ཚོད་15དང་སྐར་མ་30 ཆུ་ཚོད་16བཅས་ཡིན་པ་རེད།

ཡུལ་སྐོར་བ་མཛེས་ལྗོངས་ཁུལ་གཙོ་བོར་ཐད་ཀར་སྐྱོད་པའི་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱེད་པ་ཕུད། ཆེད་སྤྱོད་ལམ་ཐིག་དེས་ད་དུང་ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་གྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་འདོན་སྤེལ་གང་ལེགས་བྱས་ཡོད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-20 སྟབས་བདེའི་ཞབས་ཞུར་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། 6 6 拉萨日报藏文 c182966.html 1 རང་གྲོང་གིས་གནམ་མཚོ་བར་གྱི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཤར་གཏོང་བྱས་པ། /enpproperty-->