分享按钮

ཟླ་1ནས་5པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཐོ་འགོད་སྙན་སེང་ཞུས་པའི་ཁེ་ལས་143ཟིན་པ།

དུས་མཚུངས་ལས་བརྒྱ་ཆ་146.6འཕར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་18ཉིན། གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོཊ་བྱས་པར་གཞིགས་ན། ཟླ་1ནས་5པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་འཕེལ་ཕྱོགས་བཟང་པོའི་རྨང་གཞིའི་ཐོག བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཐོ་འགོད་སྙན་སེང་ཞུས་པའི་ཁེ་ལས་ཀྱི་འཕར་ཚད་མངོན་གསལ་དོད་པ་དང་།ཐོ་འགོད་སྙན་སེང་ཞུས་པའི་ཁེ་ལས་143ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་146.6འཕར་ཡོད་པ་རེད།

འདི་ལོ་ནས་བཟུང་ལྷ་ས་འགག་སྒོས“བསམ་པའི་མཐོ་ས་དང་། འབྱུང་ཁམས་ཀྱི་མཐོ་ས། རིག་གནས་ཀྱི་མཐོ་ས”བཅས་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་པོར་དམིགས་ནས“མཐའ་མཚམས་ཀྱི་མང་ཚོགས་ཕྱུག་འགྱུར་དང་། མཐའ་མཚམས་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་བརྟན་པ”བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་ཞབས་འདེགས་ཞུས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་རྒྱུན་ཆད་མེད་པར་དོན་འཁྱོལ་ཞིབ་ཚགས་བྱས་ནས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-20 དུས་མཚུངས་ལས་བརྒྱ་ཆ་146.6འཕར་བ། 6 6 拉萨日报藏文 c182965.html 1 ཟླ་1ནས་5པའི་བར་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཐོ་འགོད་སྙན་སེང་ཞུས་པའི་ཁེ་ལས་143ཟིན་པ། /enpproperty-->