ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཆན་བཀོད་བླང་བྱ་གཞིར་བཟུང་། ཟླ་6ཚེས་14ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་འབྲེལ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཆེད་དོན་དབྱེ་ཞིབ་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། 2023ལོའི་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་དང་ལན་སྤྲོད་གནད་དོན་གྱི་བཅོས་སྒྲིག་ལས་དོན་ཐད་བཀོད་སྒྲིག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་འབྲེལ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་རྫོང(ཆུས)ཁག་གི་ལས་དོན་སྙན་ཞུར་ནན་ཏན་གྱིས་གསན་རྗེས། ཀྲའོ་ཧུའེ་ཉན་གྱིས་མཛུབ་སྟོན་གནང་དོན།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་གཏན་འཁེལ་གཉིས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།སྲུང་སྐྱོང་གཉིས་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་འབྲེལ་མཐུད་དང་སྲ་བརྟན་གྱི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་།རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་དང་ལན་སྤྲོད་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་རང་འགུལ་ངང་ཁྱོན་ཡོངས་ནས་གྲལ་བཤེར་དང་དཔེ་བཞག་རིགས་འགྲེ་བྱེད་དགོས་པ།བློ་བརྟན་གྱི་རྣམ་འགྱུར་དང་།ནུས་ལྡན་གྱི་བྱེད་ཐབས། དངོས་གཉེར་གྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་བཅོས་སྒྲིག་ལས་དོན་དེ་ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པོའི་སྒོ་ནས་བསྒྲུབ་དགོས།
ཀྲའོ་ཧུའེ་ཉན་གྱིས་བླང་བྱ་བཏོན་དོན།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社