ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཧྲེང་ཧོ་ཧྲུའུ་རང་གྲོང་དུ་བཙུགས་པ་ནས་བཟུང་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ཟླ་6ཚེས་16ཉིན་བོད་ལྗོངས་ཧྲེང་ཧོ་ཧྲུའུ་ཡི་སྐབས་དང་པོའི་ཁེ་ལས་མཁས་ཅན་གྱི་གཉེར་སྐྱོང་ལག་ལེན་གྲུབ་འབྲས་འགྲེམས་སྤེལ་ཚོགས་འདུ་འཚོགས་ཤིང་། ཁེ་ལས་མཁས་ཅན་730ལྷག་ཙམ་མཉམ་འཛོམས་བྱས་ནས་ཏའོ་ཧྲེང་གཉེར་སྐྱོང་རིག་པའི“གཞན་ཕན་གཉེར་སྐྱོང”གི་སྟོབས་ཤུགས་མྱོང་ཚོར་བྱས་ཏེ་ཏའོ་ཧྲེང་གཉེར་སྐྱོང་རིག་པ་འདི་ཉིད་བོད་ལྗོངས་སུ་སྔར་བས་གཞི་ཚུགས་པ་དང་ལྷ་སའི་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཐུབ་པ་བྱུང་ཡོད།
བཙུགས་ནས་ལོ་གསུམ་ལྷག་ཙམ་སོང་ཚུན་བོད་ལྗོངས་ཧྲེང་ཧོ་ཧྲུའུ་རུ་ཁོངས་མིའི་ཁེ་ལས་200ཙམ་ཡོད་པ་དེ་དག་མང་ཆེ་བ་ལྷ་སའི་ཁེ་ལས་འབྲིང་ཆུང་རེད། མིག་སྔའི་དཔལ་འབྱོར་དུས་བབ་འོག་ཧྲེང་ཧོ་ཧྲུའུ་ཡི་སློབ་སྦྱོང་བརྒྱུད། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社