(པར་ངོས་དང་པོར་མཐུད)གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སློབ་གསོའི་ཚན་པ་དང་སློབ་གྲྭ་ཁག་གིས་ཀུན་སྤྱོད་དང་། བློ་རིག། ལུས་རྩལ མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། འཕེལ་རྒྱས་ཀྱི་དགོས་མཁོར་དོ་སྣང་ནན་པོ་བྱས་ནས་གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་འཛིན་དང་། ནང་འདྲེན་དང་གསོ་སྐྱོང་གཉིས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་དམིགས་སའི་རང་བཞིན་གྱི་ལས་གྲྭའི་ཚན་རྩལ་ཤེས་ལྡན་པ་ཁག་གཅིག་ནང་འདྲེན་དང་། ས་གནས་འདི་གའི་ཆེད་ལས་ཤེས་ལྡན་པ་ཁག་གཅིག་སྐྱེད་སྲིང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གསོན་ཤུགས་རྒྱས་པར་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཉེ་དུས་ཀྱི་འབྲེལ་ཡོད་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད། དཔལ་འབྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སེམས་ནུས་གཅིག་སྒྲིལ་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་དང་། སྲིད་ཇུས་དོན་འཁྱོལ་ལ་གནད་འཁེལ་དང་ཤུགས་བརྒྱབ་ནས་དམ་འཛིན་བྱེད་པ། ཁོར་ཡུག་ལེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་གཅིག་སྡུད་དམ་འཛིན་ཡག་པོ་བྱེད་པ། འབེན་ལ་ཕྱོགས་ནས་ཤུགས་འདོན་གྱིས་རྒྱུན་གཏན་གྱི་བཀོད་གཏོང་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་ཕྱེད་བརྒལ་གཉིས་ཀྱི་དམིགས་ཚད་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས། བྱ་སྤྱོད་ཆེན་པོ་གསུམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། བཀོད་གཏོང་ལ་དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་ཡག་པོ་བྱེད་པ། དཔེ་མཚོན་ཡག་པོ་འཛུགས་པ་བཅས་བྱས་ནས་བྱ་སྤྱོད་ཆེན་པོ་གསུམ་གཏིང་ཟབ་དང་དངོས་སྒྲུབ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ངེས་པར་དུ་ལྔ་ཡི་བསམ་བཀོད་ལྟར་སྤུས་ཚད་མཐོ་བ་དང་ལས་ཆོད་ཆེ་བའི་སྒོ་ནས་ཐེངས་འདིའི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་ཀ་ལེགས་སྒྲུབ་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་གསུངས་དོན། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་ནི་ཆབ་སྲིད་ཀྱི་ལས་གཞི་དང་དམངས་སེམས་ཀྱི་ལས་གཞི་ཞིག་རེད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་གོང་འོག་སྟོབས་ཤུགས་གཅིག་སྒྲིལ་དང་ཕྱི་ནང་མཉམ་ཤུགས་གཅིག་སྒྲིལ་བྱས་ནས་མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་ཆུང་ཙག་ལའང་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་བརྡ་ཁྱབ་གཏོང་བ་དང་། དམར་རྗེན་དུ་འདོན་པ། ཁྱབ་སྒྲགས་ཀྱི་རྣམ་པ་གཏོད་པ། ཟིལ་གནོན་ཆགས་པ། དོ་ཁུར་དང་ལན་སློག་པ་བཅས་བྱེད་དགོས།
ཚོཊ་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་ཡོད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社