分享按钮

ཀུན་བདེ་གླིང་ཁྲོམ་གཞུང་གིས་ཐོན་སྐྱེད་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲོང་མི་མང་ཚོགས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་དང་ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད།ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀུན་བདེ་གླིང་ཁྲོམ་གཞུང་གིས་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པ་སྟེ།ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་ཐོན་སྐྱེད་བདེ་འཇགས་ཟླ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་པ་རེད།

བྱེད་སྒོའི་ནང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ལས་དོན་ཨུ་ལྷན་ཆེན་པོ་དང་ཏང་ཨུད་ཆེན་པོའི་གྲུབ་ཁོངས་ཚན་པ་དང་མཉམ་འབྲེལ་བྱས་ཏེ་ཁྲོམ་གཞུང་དུ་དྲིལ་བསྒྲགས་དང་།ཁྱིམ་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ།ཡུལ་དངོས་སུ་ཞིབ་བཤེར་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་ཐོན་སྐྱེད་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་།ཐོན་སྐྱེད་བདེ་འཇགས་ཀྱི་ཤེས་བྱ་ཀླད་པ་དང་སེམས་ནང་ཟུག་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།

ཀུན་བདེ་གླིང་ཁྲོམ་གཞུང་ཏང་ལས་དོན་ཨུ་ལྷན་གྱི་སྲིད་ཁྲིམས་ཨུ་ཡོན་ནོར་སྒྲོན་གྱིས་བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་འགྲེམས་པང་ཐོག་ཡིག་རིས་མཉམ་དུ་བསྲེས་ནས་བདེ་འཇཊ་ཤེས་བྱ་དང་གྱོད་དཔེ་སྣ་ཚོཊ་འགྲེམས་སྟོན་བྱས་པས།རྒྱ་ཆེའི་གྲོང་མི་གོམ་པ་སྤོ་མཚམས་བཞག་ནས་ལྟ་བར་བློ་བཀུག་པ་དང་།ཚང་མ་བློ་འདྲིའི་སྟེགས་བུའི་མདུན་དུ་ཡོང་ནས་བློ་འདྲི་བྱེད་པ། ལས་དོན་པས་བརྒྱབ་པའི་བདེ་འཇགས་ཀྱི་གཙོ་གནད་འགྲེལ་བཤད་ལ་ཉན་པ།དྲིལ་བསྒྲགས་ཀྱི་དཔྱད་ཡིག་ལ་བལྟ་བ།ཕན་ཚུན་གྲོས་བསྡུར་དང་སྤེལ་རེས་བྱས་པས་སློབ་སྦྱོང་གི་རྣམ་པ་ཟབ་མོ་བྱུང་ཡོད་ཅེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་དེས་ཁོངས་གཏོགས་ཁུལ་གྱི་སྤྱི་ཡོངས་ཀྱི་བདེ་འཇགས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་།ཁྲོམ་གཞུང་དང་།སྡེ་ཁུལ། བཅའ་སྡོད་བྱ་ཡུལ་ཚན་པ་བཅས་དབར་གྱི་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དེ་བས་བདེ་འཇགས་དང་ཞི་མཐུན་གྱི་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།སླད་ཕྱིན།ཀུན་བདེ་གླིང་ཁྲོམ་གཞུང་གིས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་ཉེན་བརྡའི་སློབ་གསོའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་དྲ་མིག་པ་དང་སྤྱི་ཚོགས་ལས་བཟོ་བས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་བརྙན་ལམ་ལ་བལྟ་རྒྱུ་སྒྲིག་འཛུགས་ནན་ཏན་བྱས་ཏེ་དཔེ་མཚོན་ལས་འཛོལ་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་དང་བསླབ་བྱ་བསྡུ་ལེན་བྱེད་པ་དང་།ཐོན་སྐྱེད་བདེ་འཇགས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་སྟེ་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཐུན་མོང་ཐོག་གཏོད་རྒྱུ་ཡིན་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 6 6 拉萨日报藏文 c182828.html 1 ཀུན་བདེ་གླིང་ཁྲོམ་གཞུང་གིས་ཐོན་སྐྱེད་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->