分享按钮

དམངས་ཕན་སྲིད་ཇུས་བརྒྱད།

གཅིག ཞིང་འབྲོག་ལས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ།

ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་ཁྱབ་གདལ་དུ་གཏོང་ཆེད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་ལ་འཕྲུལ་འཁོར་གྱིས་བརྔ་བསྡུ་བྱེད་བཅུག་རིགས་ལ་མུའུ་རེར་སྒོར་40ཡི་ཁ་གསབ་སྤྲོད་རྒྱུ།

ནས་ཚོང་ཟོག་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་ཆེད། ཞིང་དུད་ཀྱིས་ཁེ་ལས་སམ་མཉམ་ལས་ཁང་ལ་ཐེངས་གཅིག་ལ་རང་འདེབས་ནས་རྒྱ་མ་200ཡན་བཙོང་ན་རྒྱ་མ་རེར་སྒོར་ཟུར་3གྱི་ཁ་གསབ་སྤྲོད་རྒྱུ།

ཁེ་ལས་སམ་མཉམ་ལས་ཁང་གིས་འོ་མ་སོས་པ་ཉོ་རྒྱུར་རྒྱབ་སྐྱོར་བྱ་ཆེད། འོ་མ་ཀྲོན་རེར་སྒོར་2000གི་ཁ་གསབ་སྤྲོད་རྒྱུ། (གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

གཉིས། བཟོ་ལས་ཐོན་སྐྱེད་བརྟན་པོ་དང་ཐོན་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ།

བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་ཚིགས་དེར་དུས་མཚུངས་ལས་སྒོར་ཁྲི་500ནས་ཁྲི་1000བར་འཕར་བའམ་ཡང་ན་དུས་མཚུངས་ལས་བརྒྱ་ཆ་15ནས་20བར་འཕར་རིགས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ།

ཐོན་རྫས་རིན་ཐང་བསྡོམས་འབོར་དུས་ཚིགས་དེར་དུས་མཚུངས་ལས་སྒོར་ཁྲི་1000ཡན་འཕར་བའམ་ཡང་ན་དུས་མཚུངས་ལས་བརྒྱ་ཆ་20ཡན་འཕར་རིགས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་30སྤྲོད་རྒྱུ།

རྒྱུ་ཆ་དང་ལྷུ་ལག་སོགས་གཙོ་གནད་བར་རྫས་ཉོ་འཚོང་ཐད་ཆེད་དོན་རོགས་སྐྱོར་བྱ་སྤྱོད་ལག་བསྟར་བྱས་ཏེ་དུས་ཚིགས་དེར་ཉོ་སྒྲུབ་བྱེད་ཚད་སྒོར་ཁྲི་60ཡན་ཟིན་ཚེ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ།

བཟོ་ལས་ཁེ་ལས་ཀྱི་ཐོན་རྫས(གཏེར་ལས་སྔོག་འདོན་ཐོན་རྫས་ཚུད་མེད)ལོ་འཁོར་ནང་བོད་ནས་ཐོན་པའི་དངོས་ཡོད་སྐྱེལ་འདྲེན་རིན་གོང་སྒོར་ཁྲི་20ནས་ཁྲི་100བར་དང་། སྒོར་ཁྲི་100ཡན་ནས་སྒོར་ཁྲི་200བར། སྒོར་ཁྲི་200ཡན་ནས་སྒོར་ཁྲི་300བར་བཅས་ཟིན་ཚེ། བོད་ནས་ཐོན་པའི་དངོས་ཡོད་སྐྱེལ་འདྲེན་རིན་གོང་གི་བརྒྱ་ཆ་20དང་། 30 40བཅས་ཁག་སོ་སོར་ཁ་གསབ་སྤྲོད་རྒྱུ། (གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

གསུམ། ཚོང་ཟོག་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་རྒྱུ།

སིལ་འཚོང་འཛད་སྤྱོད་འཛིན་ཤོག་སྤྲད་དེ་འཛད་སྤྱོད་བྱེད་ཚད་སྒོར་200ཟིན་ན་ཁ་གསབ་སྒོར་60དང་། སྒོར་300ཟིན་ན་ཁ་གསབ་སྒོར་100 སྒོར་500ཟིན་ན་ཁ་གསབ་སྒོར་200 སྒོར་1000ཟིན་ན་ཁ་གསབ་སྒོར་500བཅས་སྤྲོད་རྒྱུ།

ཆེད་དམིགས་འཛད་སྤྱོད་འཛིན་ཤོག་སྤྲད་དེ་དམིགས་བཙུགས་བཟའ་བཅའ་དང་། འཐུང་བཅའ། རྒྱུན་མཁོའི་དངོས་རྫས་བཅས་ཀྱི་བྲིན་འཚོང་བྱེད་སྒོ་སྤེལ་རྒྱུ། (གྲོང་ཁྱེར་ཚོང་དོན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

བཞི། སྡོད་ཁང་གི་དགོས་མཁོ་ལེགས་པོ་སྐོང་རྒྱུ།

ཆ་རྐྱེན་དང་མཐུན་པའི་རང་གྲོང་གི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་གསོག་བྱས་པའི་ལས་བཟོ་བས་སྤྱི་གསོག་མ་དངུལ་བཏོན་ནས་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཉོ་བའི་ཐོག་མའི་དངུལ་སྤྲོད་པར་སྤྱོད་ཆོག

མི་སྒེར་གྱིས་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཉོ་སྐབས་ཁང་པའི་ཚོང་འགྲིག་རིན་གོང་གི་བརྒྱ་ཆ་8.2ཁ་གསབ་སྤྲོད་རྒྱུ་དང་། མཐོ་ཤོས་སྒོར་ཁྲི་20ལས་བརྒལ་མི་ཆོག

ས་ཁང་བདག་ཁོངས་ཁེ་ལས་ཀྱིས་དངུལ་ཁང་གི་འགན་ལེན་ཡི་གེ་སྤྱད་དེ་གྲངས་ཚད་གཅིག་མཚུངས་ཀྱི་སྔོན་འཚོང་ལྟ་སྐུལ་དོ་དམ་མ་དངུལ་བརྗེ་ཆོག་པ་དང་། བརྗེ་གྲངས་དེ་ལྟ་སྐུལ་དོ་དམ་རྩིས་ཐོའི་ནང་ལས་མཇུག་འགྲིལ་ནས་རྩིས་སྤྲོད་འགན་ལེན་ཐུབ་པར་མཁོ་བའི་མ་དངུལ་གྱི་བརྒྱ་ཆ་30ལས་བརྒལ་མི་ཆོག

ས་ཁང་བདག་ཁོངས་གསར་སྤེལ་གཉེར་སྐྱོང་ཁེ་ལས་ཀྱི་སྔོན་འཚོང་མ་དངུལ་གྱི་གཙོ་གནད་ལྟ་སྐུལ་དོ་དམ་གྲངས་ཚད་དེ་ལས་གྲྭའི་འཛུགས་སྐྲུན་མ་དངུལ་གྱི་ལྡབ་1.1ནས་ལྡབ་1ལ་ལེགས་སྒྲིག་བྱ་རྒྱུ། (གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

ལྔ། རླངས་འཁོར་ཉོ་རྒྱུར་སྐུལ་མ་ཤུགས་ཆེན་གཏོང་རྒྱུ།

རླངས་འཁོར་ཉོ་བའི་ཁ་གསབ་སྤྲོད་རྒྱུ། རླངས་འཁོར་ཉོ་བའི་རིན་གོང་སྒོར་ཁྲི་10ནང་ཚུན་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི་1དང་། སྒོར་ཁྲི་10དང་དེ་ཡན་ལ་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི་2སྤྲོད་རྒྱུ། (གྲོང་ཁྱེར་ཚོང་དོན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

དྲུག ཁྱིམ་ཆས་ཉོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ།

གསར་དུ་ཉོས་པའི་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ལ་ཁ་གསབ་སྤྲོད་རྒྱུ། འཛད་སྤྱོད་བྱེད་ཚད་སྒོར་1000ཟིན་ན་ཁ་གསབ་སྒོར་200དང་། སྒོར་2000ཟིན་ན་ཁ་གསབ་སྒོར་400 སྒོར་5000ཟིན་ན་ཁ་གསབ་སྒོར་1000སྤྲོད་རྒྱུ། (གྲོང་ཁྱེར་ཚོང་དོན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

བདུན། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ།

ཡུལ་སྐོར་ལས་དོན་ཁང་གིས་ལྗོངས་ཕྱིའི་མི་15འམ་དེ་ཡན་གྱི་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ནས་ལྷ་སར་ཡུལ་སྐོར་དུ་ཡོང་ན་ཡུལ་སྐོར་ལས་དོན་ཁང་ལ་མི་རེར་ཐེངས་རེར་སྒོར་40ཡི་ཁ་གསབ་སྤྲོད་རྒྱུ་དང་ཡུལ་སྐོར་ལས་དོན་ཁང་རེར་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་ཁ་གསབ་དངུལ་གྲངས་སྒོར་ཁྲི་20ལས་བརྒལ་མི་ཆོག

ཁ་གསབ་སྒོར་ཁྲི་200བྱས་ནས་ཡུལ་སྐོར་བར“དྭངས་གཙང་ལྷ་སའི”གྲངས་འཛིན་ཡུལ་སྐོར་བྱང་བུ་ཁྲི་1གཟིགས་སྐྱོང་བྱས་ནས་སྤྲོད་རྒྱུ།

ལྷ་སར་ཡུལ་སྐོར་དུ་ཡོང་མཁན་སློབ་གྲྭ་ཆེན་མོ་བར་ཟླ་རེར་རིན་ཐང་སྒོར་2000གི་ཡུལ་སྐོར་ལམ་འགྲོ་རྒྱུག་པའི་བྱང་བུ་200སྤྲད་དེ་ལྷ་སར་ཞག་སྡོད་དང་ཉོ་སྒྲུབ་འཛད་སྤྱོད་བྱེད་པར་སྤྱོད་རྒྱུ།

ཞག་པོ་གསུམ་ཡན་བསྟུད་མར་གྲོང་ཁྱེར་ཡོངས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་། གསེར་དངུལ་ཟངས་བཅས་རིམ་པ་གསུམ་གྱི་ཁྱིམ་ཚང་མགྲོན་ཁང་། ཀ་པ་དང་།ཁ་པ།ག་པ་བཅས་རིམ་པ་གསུམ་གྱི་གནས་ཚང་བཅས་སུ་ཞག་སྡོད་བྱེད་མཁན་ཡུལ་སྐོར་བར་ཉིན་རེར་ཁང་པ་རེར་སྒོར་100ཡི་ཁ་གསབ་སྤྲོད་རྒྱུ་དང་རིམ་རྩིས་བྱས་ནས་སྒོར་400ལས་བརྒལ་མི་ཆོག(གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

ལྷ་ས་གྲོང་ཁུལ་ནས་གནམ་མཚོའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བར་གྱི་ཡུལ་སྐོར་ཆེད་སྤྱོད་རླངས་འཁོར་ཤར་གཏོང་བྱ་རྒྱུ། (གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

བརྒྱད། ཚོང་རའི་བྱེད་པོ་དར་འཕེལ་གཏོང་རྒྱུ།

གྲངས་མཛོད་ནང་གསར་དུ་བཅུག་པར་མ་ཟད།ལོ་འཁོར་གྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་3000ཡན་ཟིན་པའི་ཐོབ་ཐང་རིམ་པའི་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་གསར་སྤེལ་གཉེར་སྐྱོང་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ། (གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

ཟླ་རེར་སིལ་ཚོང་གྲངས་འབོར(བཟའ་བཏུང་གྲངས་འབོར)བརྒྱ་ཆ་15ཡན་འཕར་བར་མ་ཟད།འཕར་ཚད་མདུན་གྲལ་གྱི་རིམ་པ་10ཡི་ནང་ཚུད་པའི་བཅད་གྲངས་ཡན་གྱི་ཁེ་ལས་ལའང་བྱ་དགའ་མང་ཤོས་སྒོར་ཁྲི་15སྤྲོད་རྒྱུ།

གྲངས་མཛོད་ནང་གསར་དུ་བཅུག་པའི་ཉོ་འཚོང་ཚན་པར་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ་དང་ལོ་འདིའི་ནང་གི་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་གྱི་སྐྱེད་ཀའི་བརྒྱ་ཆ་50ཁ་གསབ་བྱ་རྒྱུ། (གྲོང་ཁྱེར་ཚོང་དོན་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

གྲངས་མཛོད་ནང་གསར་དུ་བཅུག་པའི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི་10སྤྲོད་རྒྱུ་དང་།ལོ་འདིའི་ནང་གི་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་གྱི་སྐྱེད་ཀའི་བརྒྱ་ཆ་50ཁ་གསབ་བྱ་རྒྱུ། (གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

སྲིད་གཞུང་གི་ཉོ་སྒྲུབ་ལས་གྲྭའི་རྣམ་གྲངས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་པའི་སྔོན་ཉར་བྱེད་ཚད་བརྒྱ་ཆ་30ཡན་ནས་གནས་སྐབས་རིང་བརྒྱ་ཆ་40ཡན་བར་མཐོ་རུ་གཏོང་རྒྱུ། (གྲོང་ཁྱེར་ནོར་སྲིད་ཅུད་ཀྱིས་སྲིད་ཇུས་གསལ་འགྲེལ་བྱེད་འགན་འཁུར་རྒྱུ)

དོ་སྣང་བྱ་རྒྱུར། སྲིད་ཇུས་འདིའི་གོ་ཆོད་དུས་ཡུན་ནི་2024ལོའི་ཟླ་6ཚེས་1ཉིན་ནས་2024ལོའི་ཟླ་12ཚེས་31ཉིན་བར་ཡིན་ཞིང་། དེའི་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་ཚེ་གོང་རིམ་སྲིད་ཇུས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 6 6 拉萨日报藏文 c182818.html 1 དམངས་ཕན་སྲིད་ཇུས་བརྒྱད། /enpproperty-->