分享按钮

ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེང་ཀོན་ཝན་ཏ་ཐང་ཆེན་དུ་དངུལ་ཁུག་ལ་བདག་པོ་བརྒྱབ་སྟེ།སྐྱིད་པའི་ཁྱིམ་ཚང་སྲུང་བའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་གཅིག་སྡུད་ཐོག་སྤེལ་བ་རེད།

བྱེད་སྒོའི་ཁྲོད་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཚོས་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པ་དང་།གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ།རྒན་གསོའི་ཁ་བསླུས་རྒྱག་པ་སོགས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཐོན་མང་བའི་ཉེས་གསོག་ལ་དམ་པོར་དམིགས་ཏེ།མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་དངུལ་རྩའི་ཁ་བསླུས་རྒྱག་པའི་གྱོད་གཞི་བརྒྱུད་མང་ཚོགས་ལ་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱར་སློབ་སྦྱོང་དང་།ཁ་བསླུས་རྒྱག་པའི་བྱ་ཐབས་ཤེས་པ།སྔོན་འགོག་དང་བཀག་འགོག་གི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཉེན་བརྡ་བཏང་བ་དང་།མང་ཚོགས་ལ་དངུལ་རྩའི་ཁ་བསླུས་རྒྱག་པའི་ཉེས་གསོག་གི་དོང་རྙི་དང་རང་འགུལ་ངང་རིང་དུ་གྱེས་ནས་རང་ངོས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཡོད་པ་རེད།

བྱེད་སྒོའི་ནང་རིམ་རྩིས་བྱས་ན་དྲིལ་བསྒྲགས་རྩ་གཉིས་ཨང་རྟགས་ཡོད་པའི་དྲིལ་བསྒྲགས་དེབ་500ལྷག་ཙམ་སྤྲད་ཡོད་པ་རེད།ཕྱིས་འབྱུང་།ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་ནུས་ལ་གཞི་ཚུགས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུ་དང་།རྒྱུན་རྣམ་ཅན་གྱི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་བྱེད་པར་རྡུང་རྡེག་གཏོང་བ་སོགས་དངུལ་རྩའི་ཉེས་གསོག་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 6 6 拉萨日报藏文 c182817.html 1 ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->