分享按钮

རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་མལ་གྲོ་གུང་དཀར་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་ཅང་ཧྭ་དང་། གྲོང་ཁྱེར་རིག་གནས་ཅུས་དང་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་དེ་ཡུལ་ཁོངས་ཡུལ་སྐོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་རྒྱ་མའི་མཛེས་ལྗོངས་ཁུལ་དང་། ཧོར་ཁང་གཞིས་ཀ སྲོང་བཙན་སྒམ་པོའི་དྲན་གསོ་ཁང་བཅས་ལ་གཟིགས་ཞིབ་གནང་ནས་རྒྱ་མའི་མཛེས་ལྗོངས་ཁུལ་གྱི་གཞི་རྩའི་གནས་ཚུལ་ལ་ནན་ཏན་གྱིས་འདྲི་རྩད་བྱས་པ་དང་། མཛེས་ལྗོངས་ཁུལ་གཏོད་པ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་བསམ་བློར་ཤེས་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ཁྲི་ཁང་གྲོང་ཚོར་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། རིག་གནས་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་དང་། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་དང་དེ་བཞིན་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱེད་དགོས་པ། རྒྱ་མ་དེ་རིག་གནས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ཞིབ་ཕྲ་བཟོས་ནས་མཛེས་ལྗོངས་ཁུལ་གཏོད་རྒྱུ་དེ་འགོ་འཛིན་སར

་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་མ་དངུལ་བརྩོན་ལེན་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ཇུས་འགོད་རིགས་པས་ཁུངས་སྐྱེལ་ཏན་ཏིག་བྱེད་དགོས། ཡུལ་སྐོར་གྱི་རྣམ་པ་བཟོ་བ་དང་། རིག་གནས་ཀྱི་རྣམ་ཤེས་བསྐྲུན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་བྱ་ཐབས་མང་པོ་ཞིག་སྤྱད་ནས་སྤ་སེ་དཔལ་འབྱོར་ལ་བརྟེན་དྲགས་པའི་འཕེལ་རྒྱས་ཀྱི་འཆིང་རྒྱ་མེད་པར་བཟོས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མི་མངོན་པའི་སྟོབས་ཤུགས་ལ་སྐུལ་སྤེལ་དང་། ཡུལ་སྐོར་འཛད་སྤྱོད་ཀྱི་འབྲེལ་ཐག་སྣུར་སྲིང་བྱེད་དགོས། དུས་ཆེན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མང་ཚོགས་ཀྱི་བསམ་བློའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། མལ་གྲོ་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཉམས་འགྱུར་སྒྱུར་བཀོད་དང་སྲོལ་རྒྱུན་རིག་གནས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལ་ལྟ་ཞིབ་བྱས་ཏེ། རྒྱ་མ་གནའ་གྲོང་སྲུང་སྐྱོང་དང་གསར་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་རང་བརྟེན་གྱི་ནུས་པ་ཆེ་རུ་བཏང་སྟེ། གསོ་སྤེལ་ཆུང་གྲས་དང་། ལས་སྣོན་ཆུང་གྲས། བཟོ་ཁང་ཆུང་གྲས། ཞིང་དུད་སྤྲོ་སྐྱོད་ཁང་ཆུང་གྲས། ཉོ་ཚོང་ཆུང་གྲས་བཅས་གཙོ་བོར་བཟུང་བའི་ཆུང་གྲས་ལྔའི་དཔལ་འབྱོར་རྣམ་གྲངས་གཏོད་ནས་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་ནས། མང་ཚོགས་དེ་བས་མང་བ་ཞིག་ལ་ཡུལ་སྐོར་གྱི་ཟ་མ་ཟ་ཐུབ་པར་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུར་རོགས་རམ་བྱེད་དགོས། རྒྱ་མའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་བེད་སྤྱོད་ཡག་པོ་བྱས་ནས་རྒྱ་མའི་ལོ་རྒྱུས་ཀྱི་གནས་ཚུལ་གསེད་བཀྲོལ་དང་། མངོན་མེད་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་སྒྱུ་རྩལ་དང་སྒོ་རའི་དཔལ་འབྱོར་ཟུང་འབྲེལ་གྱི་རྣམ་པ་གསར་གཏོད་བྱས་ཏེ། སྒྱུ་རྩལ་མཁས་ཅན་མང་ཚོགས་ཀྱི་ཁྱིམ་དུ་སྡོད་རྒྱུའི་ཡིད་དབང་བཀུག་ནས་རྒྱ་མའི་རིག་གནས་ཞིབ་འཇུག་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་རྟེན་གཞི་ཞིག་གཏོད་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 6 6 拉萨日报藏文 c182819.html 1 རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་མལ་གྲོ་གུང་དཀར་རྫོང་དུ་ཡུལ་ཁོངས་ཡུལ་སྐོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ། /enpproperty-->