(པར་ངོས་དང་པོར་མཐུད)རང་སྐྱོང་ལྗོངས་ཀྱི་ཁེ་ལས་སྟོབས་ཆེན་བརྒྱའི་ནང་གི་ཁང་པའི་ཁེ་ལས་ཤིག་ཡིན་པའི་ངོས་ནས་རང་གྲོང་གི་དཔལ་འབྱོར་ལ་སྐུལ་འདེད་དང་དམངས་འཚོར་ཕན་པའི་ཁེ་ལས་ལ་རོགས་རམ་བྱེད་པའི་སྲིད་ཇུས་དོན་ཚན་8བཏོན་རྗེས། ང་ཚོས་སྲིད་ཇུས་དེར་རྒྱུས་ལོན་གཏིང་ཟབ་བྱས་པ་དང་འབྲེལ་ང་ཚོའི་འཐབ་ཕྱོགས་མདུན་མར་ཁང་པ་ཕྱིར་ཚོང་བྱེད་མཁན་གྱི་ལས་བཟོ་བར་ཤེས་སུ་བཅུག་ནས་ཁོང་ཚོར་སྲིད་ཇུས་དེ་ཁོང་དུ་ཆུད་པར་བྱས་ཡོད། ང་ཚོའི་ཅ་ཧོ·ཙི་ཡོན་རྣམ་གྲངས་ནི་སྤྱི་གསོག་མ་དངུལ་སྲིད་ཇུས་ཀྱི་ཚོད་ལྟའི་རྣམ་གྲངས་ཐོག་མ་ཡིན་པའི་ངོས་ནས། ཁ་གསབ་སྲིད་ཇུས་དེར་རྒྱུས་མངའ་མེད་པའི་ཁང་པ་ཉོ་མཁན་ལ་དྲིལ་བསྒྲགས་གང་ལེགས་བྱས་ཏེ། ཚང་མས་སྲིད་ཇུས་དེ་ཤེས་རྟོགས་ཐུབ་པར་མ་ཟད། ཁང་པ་ཉོ་སྐབས་ཀྱང་སྲིད་ཇུས་དེ་ལོངས་སུ་སྤྱོད་ཐུབ་པར་བྱེད་ཀྱི་ཡོད་ཅེས་བཤད།
དེའི་རྗེས་སུ་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཧྲི་པང་རེན་ཧོ་ཡོན་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སིར་ཁང་པར་ལྟ་རུ་ཡོང་མཁན་གྱི་སྐུ་མགྲོན་མང་པོ་ཡོད་པ་མཐོང་བྱུང་། འགྲེམས་སྟོན་ཁང་ནང་ཁང་པ་ཕྱིར་ཚོང་བྱེད་མཁན་གྱིས་སྐུ་མགྲོན་ལ་ཁང་པའི་རྣམ་པ་དང་། ཁང་པའི་རིན་གོང་། དེ་བཞིན་རང་གྲོང་གི་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་བཅས་གསལ་བཤད་བྱེད་བཞིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ཧྲི་པང་རེན་ཧོ་ཡོན་ས་ཁང་བདག་ཁོངས་གསར་སྤེལ་ཀུང་སིར་ཁང་པ་ཉོ་རུ་ཡོང་བའི་གྲོང་མི་ཡན་མའོ་ཆང་གིས་ང་དང་ཁྱིམ་མི་ཚོས་ཁང་པ་ཞིག་ཉོ་རྩིས་ཡོད། ད་ལྟ་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་དེ་ཐོན་ཡོད་པ་དང་།མི་སྒེར་གྱིས་གསར་དུ་བསྐྲུན་པའི་ཚོང་སྒྱུར་སྡོད་ཁང་ཉོ་སྐབས་ཁང་པའི་ཚོང་འགྲིག་རིན་གོང་གི་བརྒྱ་ཆ་8.2ཁ་གསབ་སྤྲོད་རྒྱུ་འདུག་པས་ཧ་ཅང་ཡག་པོ་འདུག་བསམ་བྱུང་ཞེས་བཤད་པ་རེད།
ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་ཀྱིས་དམངས་ལ་ཕན་ཐོགས་པ་དང་དུས་མཚུངས་སུ་ཚོང་ཟོག་ཁང་པ་ཕྱིར་ཚོང་བྱེད་ཚད་འཕར་རྒྱུར་སྐུལ་འདེད་བཏང་བ་དང་། རང་གྲོང་གི་ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཡང་སྐུལ་འདེད་ནུས་ལྡན་བཏང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། བོད་ལྗོངས་ཧྲི་པང་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སིའི་རེན་ཧོ་ཡོན་ཕྱིར་ཚོང་པུའི་ཅིང་ལི་ཀའོ་ཞང་གིས་ང་ཚོའི་ཧྲི་པང་ཀུང་སི་ནི་ལྷ་སའི་3Aརིམ་པའི་ཁ་དན་ཚིག་གནས་ཀྱི་ཁང་པའི་ཁེ་ལས་གཅིག་པུ་དེ་ཡིན་པའི་ངོས་ནས། རང་གྲོང་གི་དཔལ་འབྱོར་ལ་སྐུལ་འདེད་དང་དམངས་འཚོར་ཕན་པའི་ཁེ་ལས་ལ་རོགས་རམ་བྱེད་པའི་སྲིད་ཇུས་དོན་ཚན་8ནང་ནས་ཁང་པ་ཉོ་བའི་ཁ་གསབ་སྐོར་གྱི་སྲིད་ཇུས་ཀྱིས་ང་ཚོའི་ཁང་པ་ཕྱིར་ཚོང་གི་ལས་དོན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། སྲིད་ཇུས་བཏོན་རྗེས། ང་ཚོས་ཁང་པ་ཉོ་བའི་གཟིགས་སྐྱོང་བྱེད་སྒོ་སྤེལ་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་ཁོ་ནར་ཁང་པ་20ལྷག་ཙམ་བཙོང་པ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
སྲིད་ཇུས་ཀྱིས་ཁང་ཚོང་ཁྲོམ་རར་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། ཕན་པ་ཡོད་པའི་སྲིད་ཇུས་ཀྱི་སྐུལ་འདེད་འོག རང་གྲོང་གི་ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་གནས་ཚུལ་ལེགས་སུ་ཕྱིན་ཡོད། མང་ཚོགས་ཀྱི་ཁང་པ་ཉོ་བའི་ཧུར་བརྩོན་རང་བཞིན་ཡང་ཆེས་ཆེར་འཕེལ་བས། རང་གྲོང་གི་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་དང་ཁང་པ་ཉོ་བའི་གཟིགས་སྐྱོང་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་མང་ཚོགས་ཀྱི་དཔལ་འབྱོར་གྱི་ཁུར་པོ་དང་སེམས་ཁྲལ་ཉུང་དུ་བཏང་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社