分享按钮

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུཊ་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོཊ་པ་བཙུཊ་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་སྐབས།

བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གསུངས་གནང་བ།

ཝང་ཧུའུ་ཉིང་དྲན་གསོའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

རྟེན་འབྲེལ་འཕྲིན་ཡིག

ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བའི་སྐབས་སུ། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།

ཧོང་ཕུའུ་དམག་དོན་སློབ་གྲྭ་ནི་གོ་གུང་མཉམ་ལས་ཐེངས་དང་པོ་བྱས་པའི་ཐོན་དངོས་ཤིག་ཡིན་ལ། རང་རྒྱལ་གྱི་གསར་བརྗེའི་དམག་དཔུང་གི་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སློབ་གྲྭ་དང་པོ་དེ་ཡང་ཡིན། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེ་དང་འབྲེལ་བ་བྱེད་པའི་རྒྱལ་གཅེས་མང་ཚོགས་ཀྱི་ཚོགས་པ་ཞིག་ཡིན། དེ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཧོང་ཕུའུ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སློབ་གྲོགས་ཀྱི་བརྩེ་དུང་དང་འབྲེལ་བ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་དར་རྒྱས་གཏོང་བར་འབད་བརྩོན་བྱེད་པ་ཅེས་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཡི་ཡོད་པ་དང་། ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཐའེ་ཝན་རང་བཙན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

རྒྱང་ལམ་གསར་པའི་ཐོག ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ཚོགས་པ་འཛུགས་པའི་དམིགས་ཡུལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། རྒྱལ་གཅེས་དང་གསར་བརྗེའི་ཧོང་ཕུའུ་ཡི་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་བཏང་ནས། བསམ་བློའི་སྣེ་ཁྲིད་དང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ནས་རང་བཙན་ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་བཏང་སྟེ། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་དགོས། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེས་མེས་པོའི་ཤུལ་བཞག་མི་བརྗེད་པར་དུས་རབས་ཀྱི་ལས་འགན་ལྕི་པོ་དཔའ་ངར་ཆེན་པོས་ཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་ནས།

2024ལོའི་ཟླ་6ཚེས་16ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་འབྱོར་བའི་གློག་འཕྲིན)

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཧོང་ཕུའུ་དམག་དོན་སློབ་གྲྭ་ནི་གོ་གུང་མཉམ་ལས་ཐེངས་དང་པོ་བྱས་པའི་ཐོན་དངོས་ཤིག་ཡིན་ལ། རང་རྒྱལ་གྱི་གསར་བརྗེའི་དམག་དཔུང་གི་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སློབ་གྲྭ་དང་པོ་དེ་ཡང་ཡིན། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེ་དང་འབྲེལ་བ་བྱེད་པའི་རྒྱལ་གཅེས་མང་ཚོགས་ཀྱི་ཚོགས་པ་ཞིག་ཡིན། དེ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་ཧོང་ཕུའུ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སློབ་གྲོགས་ཀྱི་བརྩེ་དུང་དང་འབྲེལ་བ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་དར་རྒྱས་གཏོང་བར་འབད་བརྩོན་བྱེད་པ་ཅེས་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཡི་ཡོད་པ་དང་། ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཐའེ་ཝན་རང་བཙན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱང་ལམ་གསར་པའི་ཐོག ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ཚོགས་པ་འཛུགས་པའི་དམིགས་ཡུལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། རྒྱལ་གཅེས་དང་གསར་བརྗེའི་ཧོང་ཕུའུ་ཡི་སྙིང་སྟོབས་མུ་མཐུད་ནས་དར་སྤེལ་བཏང་ནས། བསམ་བློའི་སྣེ་ཁྲིད་དང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱས་ནས་རང་བཙན་ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་བཏང་སྟེ། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་དགོས། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་།ཁོང་ཚོའི་གཉེན་ཉེས་མེས་པོའི་ཤུལ་བཞག་མི་བརྗེད་པར་དུས་རབས་ཀྱི་ལས་འགན་ལྕི་པོ་དཔའ་ངར་ཆེན་པོས་ཁུར་ནས།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 ཝང་ཧུའུ་ཉིང་དྲན་གསོའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུཊ་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོཊ་པ་བཙུཊ་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་སྐབས། 6 6 拉萨日报藏文 c182813.html 1 བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་དགོས་ཞེས་ནན་གསུངས་གནང་བ། /enpproperty-->