分享按钮

རང་གྲོང་གི་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་གནས་ཚུལ་ལེགས་སུ་ཕྱིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་མང་ཚོགས་ཀྱི་ལུགས་དང་མཐུན་པའི་སྡོད་ཁང་གི་དགོས་མཁོ་སྐོང་བ་དང་། སྡོད་ཁང་གི་དགོས་མཁོ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། མི་དམངས་མང་ཚོགས་ཀྱི་སྡོད་གནས་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། འདི་ལོའི་ཟླ་6པར། རང་གྲོང་གིས་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་གསར་པ་བཏོན་པ་རེད། སྲིད་ཇུས་གསར་པ་གཞིར་བཟུང་། ཆ་རྐྱེན་དང་མཐུན་པའི་རང་གྲོང་གི་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་བའི་ལས་བཟོ་བས་སྤྱི་གསོག་མ་དངུལ་བླངས་ནས་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཉོ་བའི་ཐོག་མའི་དངུལ་སྤྲོད་པར་སྤྱོད་ཆོག་གི་ཡོད་པ་རེད། མི་སྒེར་གྱིས་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཉོ་སྐབས། ཁང་པའི་ཚོང་འགྲིག་རིན་གོང་གི་བརྒྱ་ཆ་8.2ཁ་གསབ་སྤྲོད་རྒྱུ་དང་། མཐོ་ཤོས་སུ་སྒོར་ཁྲི་20ལས་བརྒལ་མི་ཆོག ད་ཐེངས་ཀྱི་ཁང་པ་ཉོ་བའི་ཁ་གསབ་བྱེད་ཚད་འདི་འདྲ་སྔར་བྱུང་མྱོང་མེད་པ་ཞིག་རེད།

ཟླ་6ཚེས་15ཉིན། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཅ་ཧོ·ཙི་ཡོན་ཁང་འཚོང་ལྟེ་གནས་སུ་སླེབས་སྐབས། ཁང་པར་ལྟ་རུ་ཡོང་མཁན་དང་བློ་འདྲི་བྱེད་པར་ཡོང་མཁན་གྱི་མང་ཚོགས་མང་པོ་ཡོད་པ་དང་། འགྲེམས་སྟོན་ཁང་ནང་ཁང་པ་ཚོང་མཁན་གྱིས་སྐུ་མགྲོན་ལ་ཁང་པའི་གནས་ཚུལ་ཞིབ་ཚགས་པའི་སྒོ་ནས་ངོ་སྤྲོད་བྱེད་པ་དང་འབྲེལ་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་གསལ་བཤད་ཀྱང་བྱེད་བཞིན་ཡོད་པ་མཐོང་བྱུང་། ཅ་ཧོ·ཙི་ཡོན་ཁང་འཚོང་ལྟེ་གནས་ཀྱི་ཚོང་གཉེར་འགན་འཁུར་བ་ཏུའུ་ཝུའེ་ཁྲེང་གིས་ང་ཚོའི་ཚོགས་པ་ནི།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 6 6 拉萨日报藏文 c182812.html 1 རང་གྲོང་གི་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་ས་ཁང་བདག་ཁོངས་ཀྱི་ཁྲོམ་རའི་གནས་ཚུལ་ལེགས་སུ་ཕྱིན་པ། /enpproperty-->