ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་17ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ཨུ་ལྷན་ཁང་གི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་གྲོང་གིས་ལག་བསྟར་བྱ་རྒྱུའི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་གནད་ལ་འཁེལ་བ་བྱས་ཡོད། རིགས་དབྱེ་ནས་ཐབས་ཇུས་འདོན་པ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞུང་ཁོངས་ཁེ་ལས་དང་ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ལ་ཕན་པ་དང་ཞིང་པར་རོགས་རམ་བྱེད་པའི་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། རྒྱ་ཆེའི་ཞིང་དུད་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་གནས་ཚད་དང་ངེས་གནས་ཡང་དག་འཚོལ་ཞིབ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་ཚན་རྩལ་གྱི་ནུས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲན་ལམ་དུ་ཐོག་མྱུར་ཚད་མགྱོགས་སུ་གཏོང་དགོས།
ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་བ་དང་། བརྟན་ལྷིང་གིས་གྲོང་ཁྱེར་བདེ་འཁོད་ཡོང་བ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐོག་ནས་ཉེན་རྟོག་འཛུགས་སྐྱོང་གི་ཁ་ཕྱོགས་ལ་སྟངས་འཛིན་དང་། སྒྱུར་བཅོས་ཀྱིས་ཉེན་རྟོག་སྟོབས་ཆེར་གཏོང་བའི་འཆར་གཞི་ཡག་པོ་འགོད་པ། ཚན་རྩལ་སྤྱད་ནས་ཉེན་རྟོག་དར་རྒྱས་གཏོང་བ། ཉེན་རྟོག་ནན་སྐྱོང་དམ་བསྒྲགས་བྱེད་པ་བཅས་དམ་འཛིན་ཡག་པོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དང་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ་མགྱོགས་སུ་བཏང་ཐོག་རང་གྲོང་གི་སྤྱི་བདེའི་ལས་དོན་དེ་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། གྲོང་གསེབ་ཀྱི་ལམ་བཟང་བཞི་འཛུགས་སྐྲུན་སྔར་བས་ཡག་པོ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གཞུང་ལམ་རིམ་སྤོར་བྱ་སྤྱོད་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་གོ་སྐབས་དམ་འཛིན་གྱིས་རྣམ་གྲངས་ཇུས་འགོད་དང་རྣམ་གྲངས་རེ་ཞུ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཚོགས་ཆུང་ཚང་མར་ཤར་གཏོང་ཐུབ་པར་བྱས་ཐོག་གྲོང་གསེབ་ཀྱི་གཞུང་ལམ་དེ་ཕྱུག་འགྱུར་གྱི་ལམ་དང་། བདེ་སྐྱིད་ཀྱི་ལམ། སེམས་འབྲེལ་གྱི་ལམ། དར་རྒྱས་ཀྱི་ལམ་བཅས་སུ་འགྱུར་བར་བྱེད་དགོས།
ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མར་སྤྲིངས་པའི་འཕྲིན་ཡིག་གལ་ཆེན་ནང་གི་ཚིག་རེ་རེར་བྱམས་སེམས་དང་གཅེས་སྐྱོང་གིས་ཁེངས་ཤིང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社