分享按钮

བདེན་འཚོལ་དངོས་གཉེར་བྱེད། བྱས་རྗེས་རྫུན་མ་སྤོངས།

ས་གནས་ཁག་གིས་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་ཏན་ཏིག་ཡོང་བར་འགན་སྲུང་བྱས་པ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་ཁག་གིས་བདེན་པའི་ཐད་འབད་བརྩོན་དང་དངོས་ཡོད་ཐད་ནུས་ཤུགས་སྤྱད་དེ་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གཤིས་སྲ་བརྟན་དུ་གཏོང་བ། ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད།

བྱེད་ཐབས་ཞིབ་ཚགས་སུ་དང་སྐུལ་འདེད་ཏན་ཏིག་བཏང་ནས་ས་གནས་ཁག་གིས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཤུགས་སྣོན་བརྒྱབ་ཡོད། ཧྲང་ཧའེ་གྲོང་ཨུད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འགོ་འཛུགས་རྒྱུར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས《ལས་ཀའི་བཀོད་སྒྲིག་རེའུ་མིག》ཞིབ་ཚགས་བཟོས་ནས་ལས་ཀའི་ལས་འགན་ཁག་88ཆགས་པ་དང་སྣེ་ཁྲིད་སྡེ་ཚན་དང་དུས་ཚོད་ཀྱི་མཚམས་ཚིགས་ཁ་གསལ་བཟོས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད།

ཀྲུང་གུང་ཚོགས་ཆེན་དང་པོ་དང་། ཚོགས་ཆེན་གཉིས་པ། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 ས་གནས་ཁག་གིས་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་ཏན་ཏིག་ཡོང་བར་འགན་སྲུང་བྱས་པ། 6 6 拉萨日报藏文 c182811.html 1 བདེན་འཚོལ་དངོས་གཉེར་བྱེད། བྱས་རྗེས་རྫུན་མ་སྤོངས། /enpproperty-->