ལྷུན་གྲུབ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འཛུགས་སྐྲུན་དང་། མི་དམངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ།དོན་ཆེན་བཞིར་དམིགས་པ་དང་།འཛུགས་གཏོད་བཞིར་ཤུགས་རྒྱག་པ།དམངས་ཀྱི་དཀའ་ངལ་སེལ་བ་ཕྲག་ཏུ་འཁུར་བ། ཏང་གི་སེམས་ཁྲལ་སེལ་རོགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོར་ཁུར་བ།བྱ་ཐབས་གསུམ་ཡག་པོ་སྤྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ལྷུན་གྲུབ་ཀྱི་ཡིག་སྐུར་ངོ་བཅར་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྱོང་བྱ་རྒྱུར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད།
བཅོས་སྐྱོང་གི་བྱ་ཐབས་ཡག་པོ་སྤྱད་ནས་ཡིག་སྐུར་ངོ་བཅར་གྱི་སྔོན་འགོག་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།ལྷུན་གྲུབ་རྫོང་གིས་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་སེལ་བའི་ལམ་སྲོལ་དོན་འཁྱོལ་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་བ་དང་།ཀྲི་པུའུ་དང་།དྲ་མིག་ཅན།དུད་སྦྲེལ།ཤང་གི་ཤེས་ལྡན་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་མ་ལག་འཛུགས་སྐྱོང་ཤུགས་ཆེན་བྱས་ཏེ་རྫོང་དང་།ཤང་།གྲོང་ཚོ་བཅས་ལ་མི་དམངས་འདུམ་འགྲིག་གི་རྩ་འཛུགས་57བཙུགས་པ་དང་།སྲིད་ཇུས་གསལ་འགྲེལ་དང་།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社