(པར་ངོས་དང་པོར་མཐུད)དེ་བཞིན་སྡེ་ཁུལ་དུ་སྣུར་སྲིང་ཐུབ་རྒྱུར་སྐུལ་འདེད་བཏང་བས་གྲོང་མི་མང་ཚོཊ་ལ་དེ་བས་སྟབས་བདེ་དང་རང་གཤིས་ཅན་གྱི་འགྲོ་སྐྱོད་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
ཀརྨ་དགོན་གསར་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་ནོར་བུས་ང་ནི་ཀརྨ་དགོན་གསར་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན། དུས་རྒྱུན་དུ་སྡོད་པའི་ལམ་ཐིག་20དང་L2ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་བོངས་ཚད་ཆེ་བ་དང་འགྲོ་ལམ་གུ་དོག་པས་ལམ་འགག་པའི་གནས་ཚུལ་ཐོན་གྱི་ཡོད། དེ་རིང་སྤྱི་སྤྱོད་རླངས་འཁོར་ཆུང་གྲས་མཐོང་སྐབས་ཕྱི་དབྱིབས་ཆུང་ཞིང་། ནང་གི་བར་སྟོང་རྒྱ་ཆེ་བ་དང་། རྐུབ་སྟེགས་ཡག་པ་བཅས་ཀྱི་ཚོར་སྣང་ཡག་པོ་ཞིག་བྱུང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་སྤྱོད་རླངས་འཁོར་ཆུང་གྲས་དེས་ལམ་ཐག་སྤྱི་ལེ་200ཙམ་འགྲོ་ཐུབ་པ་དང་རྒྱུན་གཏན་གྱི་གནས་ཚུལ་འོག་ཆུ་ཚོད་2ཀྱི་ནང་གློག་གང་གསོག་ཐུབ་ཀྱི་ཡོད།ད་ཐེངས་ཁྱོན་རླངས་འཁོར་14བཏང་ནས་ལམ་ཐག་ཐུང་བའི་འགྲོ་སྐྱོད་སྦྲེལ་མཐུད་དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཁྱབ་ཚད་མཐོ་རུ་གཏོང་ཆེད་བཟོས་པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཅིག་ཡིན་པ་རེད། སྤྱི་སྤྱོད་རླངས་འཁོར་ཆུང་གྲས་དེ་དག་ཀརྨ་དགོན་གསར་དང་ལྷ་ཞབས་གླིང་ཕྲན་གྱི་གུ་དོག་ཅིང་གྲོང་མིའི་འགྲོ་སྐྱོད་ཀྱི་དགོས་མཁོ་ཅུང་ཆེ་བའི་འགྲོ་ལམ་གཉིས་སུ་འཁོར་སྐྱོད་བྱེད་ཀྱི་ཡོད་པ་རེད། ལམ་ཐིག་གཉིས་ཀྱི་ཐོག་ཉིན་རེའི་ཞོགས་པའི་ཆུ་ཚོད་6དང་སྐར་40ལ་གཏོང་འགོ་ཚུགས་པ་དང་དགོང་དྲོའི་ཆུ་ཚོད་21ལ་མཚམས་འཇོག་གི་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚེ་རིང་དོན་གྲུབ་ཀྱིས་དེ་རིང་ལམ་ཐིག་2ཀྱི་ཐོག་རླངས་འཁོར་དངོས་སུ་ཤར་གཏོང་བྱས་ཤིང་།འཁོར་རྒྱུག་ཆུང་ངུའི་སྤྱི་སྤྱོད་རླངས་འཁོར་གྱི་ཁྱད་ཆོས་ནི་ལམ་ཐག་ཐུང་བ་དང་། ཐེངས་གྲངས་མང་བ། མྱུར་ཚད་མགྱོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས།ཁྲོམ་གཞུང་ཆུང་གྲས་ཀྱི་བར་ཐག་ཐུང་བའི་འགྲོ་སྐྱོད་ཀྱི་སྤྱི་སྤྱོད་རླངས་འཁོར་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། དེ་དང་ཆབས་ཅིག་ང་ཚོས་ད་དུང་གྲོང་མིའི་དགོས་མཁོར་གཞིགས་ཏེ་ལམ་ཐིག་དང་ས་ཚིགས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་དང་འཐུས་ཚང་དུ་བཏང་ནས་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་གི་ལས་ཕྱོད་ཆེ་རུ་བཏང་སྟེ་རྒྱ་ཆེའི་གྲོང་མིར་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社