分享按钮

ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་2024ལོའི་དམངས་ཕན་དང་ཁེ་ལས་རོགས་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ལ་གསལ་འགྲེལ་བྱས་པ།

(པར་ངོས་དང་པོར་མཐུད)སྒོར་ཁྲི་10ནང་ཚུན་ལ་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་10000སྤྲོད་རྒྱུ་དང་། སྒོར་ཁྲི་10དང་དེའི་ཡན་ཟིན་པར་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་20000བཅས་སྤྲོད་རྒྱུ་ཡིན་པ།

ཁ་གསབ་ལེན་པའི་ཆ་རྐྱེན། འཛད་སྤྱོད་པས་རླངས་འཁོར་ཉོས་པའི་དཔང་ཡིག་མཁོ་འདོན་བྱེད་དགོས་པ་དང་། ཞིབ་བཤེར་བྱས་ནས་དོན་དངོས་དང་མཐུན་ཚེ་གཞི་ནས་ཁ་གསབ་སྤྲོད་ཀྱི་ཡོད། བྱེད་སྒོའི་རིང་། ལེ་ལག་ཚང་བའི་རླངས་འཁོར་འགྲེམས་སྟོན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་འབྲེལ་ཁེ་ལས་ལ་ཕན་པའི་གཟིགས་སྐྱོང་འཕར་སྣོན་བྱ་རྒྱུ་ཡིན་པ།

བཞི། ཁྱིམ་ཆས་འཛད་སྤྱོད་ཀྱི་ཁ་གསབ་སྤྲོད་པ།

མི་སྒེར་གྱི་འཛད་སྤྱོད་པར་ལྷ་ས་གྲོང་ཁྱེར་ནས་འབྱུང་འཕྲོད་ཁྱིམ་སྤྱོད་གློག་ཆས་དང་། འབྱུང་འཕྲོད་ཁྱིམ་ཆས། 3Cགྲངས་འཛིན་གློག་རྡུལ་སོགས་ཀྱི་ཐོན་རྫས་ཉོས་ཚེ་འཛད་སྤྱོད་ཀྱི་ཁ་གསབ་སྤྲོད་རྒྱུ་ཡིན་པ།

ཁ་གསབ་ཀྱི་ཚད་གཞི། སྒོར་1000ཟིན་ན་སྒོར་200དང་། སྒོར་2000ཟིན་ན་སྒོར་400 སྒོར་5000ཟིན་ན་སྒོར་1000བཅས་སྤྲོད་རྒྱུ་ཡིན་པ།

ལྔ། བཅད་གྲངས་ཡན་གྱི་ཉོ་ཚོང་ཚན་པའི་ཟླ་རེའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ།

འགྲན་བསྡུར་ནང་ཞུགས་པའི་ཆ་རྐྱེན། གཅིག་ནི་གྲོང་ཁྱེར་ཡོངས་ཀྱི་བཅད་གྲངས་ཡན་གྱི་ཚོང་དོན་འཁོར་རྒྱུག་ཉོ་ཚོང་ཚན་པ། གཉིས་ནི་ལོ་གསུམ་ནང་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཚབས་ཆེན་མེད་པ། ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡག་པོ་ཡོད་པ། ཐོན་སྐྱེད་བདེ་འཇགས་དང་བཟའ་བཅའི་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་མེད་པ། གསུམ་ནི་ཁེ་ལས་ཀྱི་སིལ་ཚོང(བཟའ་བཏུང)ལས་སྒོ་མུ་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་བླང་བྱ་ལྟར་ཟླ་རེར་དུས་ཐོག་དང་གནད་ལ་འཁེལ་བའི་སྒོ་ནས་བསྡོམས་རྩིས་དྲ་སྦྲེལ་ཐད་ཀར་སྙན་ཞུའི་མ་ལག་ལ་སྙན་སེང་ཞུ་བ།

བྱ་དགའ་སྤྲོད་པའི་ཚད་གཞི། གཅིག་ནི་འགྲན་བསྡུར་ནང་ཞུགས་མཁན་ཚོང་དོན་ཚན་པའི་2024ལོའི་ཟླ་གཅིག་གི་སིལ་ཚོང་དངུལ་འབོར(བཟའ་བཏུང་དངུལ་འབོར)དུས་མཚུངས་ལས་བརྒྱ་ཆ་15འཕར་བ་དང་འཕར་ཚད་ཀྱི་གཞི་ཁྱོན་དེ་མདུན་གྲལ་དུ་སླེབས་པ་10ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་15སྤྲོད་རྒྱུ་ཡིན་པ། གཉིས་ནི་ཕྱིར་འཚོང་བྱེད་ཚད་ཨང་དང་པོར་བྱ་དགའ་སྒོར་ཁྲི་15དང་། ཨང་གཉིས་པར་བྱ་དགའ་སྒོར་ཁྲི་12 ཨང་གསུམ་པར་བྱ་དགའ་སྒོར་ཁྲི་10སྤྲོད་པ། ཨང་བཞི་པ་ནས་བཅུ་པ་བར་གྱི་ཁེ་ལས་ཚང་མར་བྱ་དགའ་སྒོར་ཁྲི་7རེ་སྤྲོད་རྒྱུ་ཡིན་པ།

ཞིབ་ཕྲའི་སྲིད་ཇུས་ནི“ལྷ་སའི་ཚོང་དོན”གྱི་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་ཁུར་བྱས་ནས《ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ཐད་སྐུལ་འདེད་གཏོང་བའི་དམངས་ཕན་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད་ཀྱི་ནང་དོན》ལ་བལྟས་ནས་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས། བྱེད་སྒོའི་རིང་། བྱེད་སྒོ་དང་འབྲེལ་བ་ཡོད་པའི་དོགས་གཞི་གང་རུང་ཡོད་ཚེ་ཁ་པར་བརྒྱུད་ནས་ཁོངས་གཏོགས་དེའི་ཚོང་དོན་ཚན་པར་བློ་འདྲི་བྱེད་པའམ་ཡང་ན་བློ་འདྲི་ཞབས་ཞུའི་ཐད་སྦྲེལ་ཁ་པར་སྟེ་0891-6323849ལ་ཁ་པར་བརྒྱབ་ཆོག ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་ཚང་མར་ལན་འདེབས་པའམ་ཡང་ན་རོགས་རམ་བྱ་རྒྱུ་ཡིན་པ་རེད།

དམིགས་བསལ་གྱི་དྲན་སྐུལ། འཛད་སྤྱོད་ཀྱི་འཛིན་ཤོག་ལ་དུས་ཚོད་ངེས་ཅན་ཞིག་གི་ཚད་བཀག་ཡོད་པས་འཛད་སྤྱོད་པས་ངེས་པར་དུ་བྱེད་སྒོའི་དུས་ཡུན་ལ་གཞིགས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚང་མར་སྤྲད་པའི་གཟིགས་སྐྱོང་ཕན་བདེ་ལོངས་སུ་སྤྱོད་དགོས། སྲིད་གཞུང་གིས་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ་ནི་ཕན་བདེའི་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན་ཞིང་། མི་གྲངས་ལ་ཚད་ཡོད་པས་བྱེད་སྒོའི་མ་དངུལ་གྱི་བསྡོམས་འབོར་ཚོད་འཛིན་བྱེད་དགོས། མ་དངུལ་བེད་སྤྱོད་བྱས་ཚར་ཚེ་བྱེད་སྒོ་མཇུག་སྒྲིལ་རྒྱུ་ཡིན་ཞིང་། སྔོན་ལ་འབྱོར་ན་སྔོན་ལ་ཐོབ་པ་དང་། འཛད་སྤྱོད་པ་རང་མོས་ངང་བྱེད་སྒོར་ཞུགས་ནས་ཕན་བདེ་ལོངས་སུ་སྤྱོད་དགོས་ན་བྱེད་སྒོའི་སྒྲིག་སྲོལ་དང་ལྷག་པར་དུ་དུས་ཚོད་སྔ་རྗེས་ཀྱི་གོ་རིམ་ལ་བརྩི་སྲུང་ནན་པོ་བྱེད་དགོས། བྱེད་སྒོ་ལག་བསྟར་བྱེད་པའི་སྒྲིག་སྲོལ་དེ་མཐར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་འགྲེལ་བཤད་རྒྱག་རྒྱུ་ཡིན་པ་རེད།

(ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྤེལ་བའི་གནས་ཚུལ་གཞིར་བཟུང)(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182807.html 1 ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་2024ལོའི་དམངས་ཕན་དང་ཁེ་ལས་རོགས་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ལ་གསལ་འགྲེལ་བྱས་པ། /enpproperty-->