分享按钮

ལྷ་སའི་སྒོར་གཞས་འགྲན་བསྡུར་ཆེན་མོ(མཐའ་བསྡུར)སྐབས་གཉིས་པ་མཇུག་འགྲིལ་བ།

(པར་ངོས་དང་པོར་མཐུད)སྙེ་མོ་རྫོང་གི་འཐུས་མི་རུ་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་ཀརྨ་རྒྱལ་མཚན་གྱིས་ང་ནི་སྙེ་མོ་རྫོང་གི་འཐུས་མི་རུ་ཁག་གི་ཁོངས་མི་ཞིག་ཡིན། ང་ཚོས་གྲ་སྒྲིག་བྱས་པའི་སྒོར་གཞས་མཐའ་བསྡུར་ནང་ཞུགས་ཐུབ་པས་ཧ་ཅང་དགའ་པོ་བྱུང་། སྙེ་མོའི་གཟིམ་སྤོས་དང་། རྔ། སྒོར་གཞས་བཅས་ལ་མི་དེ་བས་མང་བས་དོ་ཁུར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ལེ་ཚན་ཧྲིལ་པོ་ངོ་མཚར་ཆེ་ཞིང་། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་། ལྟད་མོ་བ་རྣམས་སྒོར་གཞས་འཁྲབ་སྟོན་གྱིས་ཡིད་དབང་འཕྲོག་ནས་ཐལ་མོ་ཡང་ཡང་བརྡབས་པར་མ་ཟད། སྒོར་གཞས་ལ་མྱོང་རོལ་བྱེད་པའི་གོ་སྐབས་བྱུང་ལ་མི་རིགས་རིག་གནས་སྤེལ་རེས་དང་བརྒྱུད་སྤེལ་བྱ་རྒྱུར་སྔར་བས་སྐུལ་འདེད་ཐུབ་ཡོད། ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་12ཀྱི་ངོ་མཚར་ཆེ་བའི་སྒོར་གཞས་ལ་བལྟས་ཞིང་། ལྷ་སའི་སྲོལ་རྒྱུན་གྱི་མི་རིཊ་རྒྱན་གོས་ཀྱི་ཡིད་དབང་འཕྲོག་ཤུཊ་ཀྱང་མྱོང་རོལ་ཐུབ་པར་མ་ཟད། ཡུལ་དངོས་ཀྱི་སྒོར་གཞས་ཀྱི་རྣམ་པ་ཟབ་མོའི་ཁྲོད་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ལའང་མྱོང་རོལ་ཐུབ་ཡོད།

ལྟད་མོ་བ་དབང་སྒྲོན་གྱིས་དེ་རིང་ཕ་མ་དང་མཉམ་དུ་སྒོར་གཞས་འགྲན་བསྡུར་ལ་ལྟ་བར་ཡོང་བས་ཁོང་རྣམ་གཉིས་སེམས་ཧ་ཅང་དགའ་པོ་བྱུང་སོང་། ཁྱུག་དབྱིངས་སོགས་ལས་སྟེགས་ཁག་གིས་ཀྱང་ཐད་གཏོང་བྱེད་ཀྱི་ཡོད་པས།བོད་ཀྱི་ཁྱད་ལྡན་སྒོར་གཞས་བརྒྱུད་མི་དེ་བས་མང་བས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ལ་ཤེས་རྟོགས་གང་ལེགས་ཐུབ་ཡོད་ཅེས་བཤད།

འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། མཐར་སྟག་རྩེ་ཆུས་ཀྱི་འཐུས་མི་རུ་ཁག་ལ་སྒོར་གཞས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་མཐའ་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སྟོད་ལུང་བདེ་ཆེན་ཆུས་དང་། མལ་གྲོ་གུང་དཀར་རྫོང་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། ལྷུན་གྲུབ་རྫོང་གི་འཐུས་མི་རུ་ཁག་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་འཐུས་མི་རུ་ཁག གཞོན་ནུའི་ཞབས་བྲོ་ཚོགས་པའི་འཐུས་མི་རུ་ཁག་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།

ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་མིང་གིས་དུས་མཇུག་ཏུ་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང་། རྐང་འཁོར་འགྲན་བསྡུར། མར་སུན་འགྲན་བསྡུར་སོགས་སྤུས་རྟགས་འགྲན་བསྡུར་གཉེར་རྒྱུ་ཡིན་པས།བྱེད་སྒོ་དེ་དག་སྤེལ་བ་བརྒྱུད་ལྷ་སའི་ལུས་རྩལ་བྱེད་སྒོ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་།རིག་གནས་དང་།ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182809.html 1 ལྷ་སའི་སྒོར་གཞས་འགྲན་བསྡུར་ཆེན་མོ(མཐའ་བསྡུར)སྐབས་གཉིས་པ་མཇུག་འགྲིལ་བ། /enpproperty-->