分享按钮

2024ལོའི་ཤེས་དཔལ་བོད་ལྗོངས་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་14ཉིན།2024ལོའི་ཤེས་དཔལ་བོད་ལྗོངས་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་རང་གྲོང་དུ་སྤེལ་ཞིང་། འགྲན་བསྡུར་ཆེན་མོ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་དོན་དུ་བྱས་ཏེ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་65འཁོར་བ་གོ་སྐབས་སུ་བྱས་ནས་ཐོག་མའི་འགྲན་བསྡུར་ཁྲོད་གདམ་གསེས་བྱས་པ་བརྒྱུད།ཁྱོན་དཔུང་ཁག་12མཐའ་བསྡུར་ནང་ཚུད་ཡོད་པ་རེད།

འགྲན་བསྡུར་ཆེན་མོ་དེ་ལྷ་སའི་འཐུས་མི་རུ་ཁག་གིས《ས་མཐོའི་སྐལ་བཟང་མེ་ཏོག མི་རིགས་སློབ་གསོའི་ཕུགས་འདུན་མཉམ་དུ་གཏོད》ཅེས་པ་མཉམ་དུ་གྱེར་འདོན་བྱེད་པའི་ཁྲོད་འགོ་ཚུགས་ཤིང་། ལྷ་སའི་མི་རིགས་ཁག་གི་མང་ཚོགས་ཀྱིས་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་དང་། ཕ་ཡུལ་ལ་བཅངས་པའི་བརྩེ་བ། འབྱུང་འགྱུར་ལ་བཅངས་པའི་ཕུགས་འདུན་བཅས་མཚོན་པར་བྱས་ཡོད་པ་རེད།

མི་སེམས་འགུལ་བའི་གྱེར་འདོན་དང་སྤྲོ་སེམས་རབ་ཏུ་འཕེལ་བའི་འཁྲབ་སྟོན་ལས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོག་ཡོད། ཛ་དྲག་གི་འགྲན་བསྡུར་བྱས་པ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བོད་ཀྱི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་བཟོ་ཚོགས་ཀྱི་འཐུས་མི་རུ་ཁག་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམིགས་བསལ་མྱུལ་ཞིབ་འཐུས་མི་རུ་ཁག་བཅས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། མངའ་རིས་ས་ཁུལ་གྱི་འཐུས་མི་རུ་ཁག་དང་།ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག གཞིས་ཀ་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་བཅས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད། འགྲན་བསྡུར་བྱས་པ་ལས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དཔེ་ཀློག་གི་སྤྲོ་སེམས་འཕེལ་བ་དང་དུས་སྐབས་གསར་པའི་ཤེས་དཔལ་དང་།ཞི་མཐུན།སྐྱོན་བྲལ།ཡར་རྒྱས་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་ནས་དཔེ་ཀློག་གི་རྣམ་པ་གངས་ལྗོངས་ས་མཐོར་ཁྱབ་ཡོད།

ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་མ་སྲི་གཅོད་ལྷ་མོས་ཡུལ་དངོས་ཀྱི་འགྲན་བསྡུར་ལ་ལྟ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། འགྲན་བསྡུར་ལ་བལྟས་པ་ལས་ང་ཚོས་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་དཔེ་དེབ་མང་ཙམ་ལྟ་ཀློག་བྱ་རྒྱུར་སྐུལ་མ་ཐེབས་བྱུང་ལ།འགྲན་བསྡུར་ཁྲོད་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བས་ང་ཚོའི་རིག་གནས་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་ཕྱིན་པར་མ་ཟད།ང་ཚོའི་མི་རིགས་ཀྱི་ཡིད་ཆེས་དང་སྤོབས་སེམས་ཀྱང་ཆེ་རུ་ཕྱིན་སོང་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182804.html 1 2024ལོའི་ཤེས་དཔལ་བོད་ལྗོངས་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་མཉམ་སྡེབ་གྱེར་འདོན་འགྲན་བསྡུར་ཆེན་མོའི་མཐའ་བསྡུར་སྤེལ་བ། /enpproperty-->