分享按钮

གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པས་ལོ་བཅུ་གཉིས་རིང་ཤིང་སོན་འདེབས་འཛུགས་བྱས་ནས་མཛེས་པའི་ཁྱིམ་གཞིས་བསྐྲུན་པ།

(པར་ངོས་དང་པོར་མཐུད)2021ལོར།ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དངོས་སུ་འགོ་ཚུགས་ཤིང་།རིག་འཛིན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཤིང་འཛུགས་ནགས་བཟོའི་ལས་དོན་མུ་མཐུད་སྤེལ་ནས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ཐད་ཁོང་རང་ཉིད་ཀྱི་ལེགས་སྐྱེས་གང་ཡོད་ཕུལ་ཡོད། གདོང་དཀར་སྡེ་ཁུལ་ཡང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་ཁྲོད་ཞུགས་མཁན་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་དང་པོར་གྱུར་ནས་2022ལོར་མ་དངུལ་བསྡོམས་འབོར་སྒོར་ཁྲི་3990.4བཏང་ནས་ནགས་བཟོའི་རྒྱ་ཁྱོན་མུའུ་2242.5འགན་གཙང་བླངས་ནས་ནགས་བཟོའི་ལས་འགན་འཁུར་ཡོད།

རིག་འཛིན་གྱིས་ཁུལ་དེར་ཁྱོན་མུའུ་4280ཡོད་པ་དང་ང་ཚོས་མུའུ་800ལྷག་ཙམ་བཏབ་ཡོད། ཉིན་ལྟར་མི་130ལྷག་ཙམ་ཤིང་འཛུགས་ལས་དོན་ཁྲོད་ཞུགས་ཡོད། གསོམ་སྡོང་དང་ཐང་ཤིང་སོགས་ཤིང་རིགས་མང་པོ་ཡོད། བདག་སྐྱོང་པ་16ཡོད་པ་དང་ཚང་མས་ཤིང་ལ་ཆུ་རྒྱག་རྒྱུ་དང་སྐོར་སྲུང་གི་འགན་འཁུར་གྱི་ཡོད། ད་ཆ་རི་བོ་སྔོ་ལྗང་ཅན་དུ་གྱུར་ཡོད་པས་མེ་སྐྱོན་ཐད་སེམས་ཁྲལ་བྱེད་དགོས་ཀྱི་འདུག དེར་བརྟེན་ད་ལྟ་གཙོ་བོ་མེ་འགོག་གི་ལས་དོན་སྤེལ་གྱི་ཡོད་ཅེས་བཤད།

བདག་སྐྱོང་པ་ཟླ་བས་ངས་ཉིན་ལྟར་ཤིང་སྡོང་3000ནས་4000བར་ལ་དུས་ཐོག་ཏུ་ཆུ་རྒྱག་གི་ཡོད། ད་ཆ་ཤིང་སྡོང་དེ་དག་སྐྱེ་འཚར་ཡག་པོ་བྱུང་བ་མཐོང་སྐབས་སེམས་པ་ཧ་ཅང་དགའ་པོ་འདུག ད་ཆ་ཉེ་འཁོར་གྱི་ལམ་ཡང་བཟོས་ཚར་བས་ཚང་མ་དེ་གར་སྤྲོ་གསེང་དུ་ཡོང་ཆོག་ཅེས་བཤད།

སྔོ་ལྗང་རི་ཀླུང་མི་ཡིས་མ་བརླགས་ན།མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ་ཅེས་པ་ལྟར། རིག་འཛིན་དང་མང་ཚོགས་ཀྱིས་མཉམ་དུ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད།ཤེལ་དཀར་རི་བོའི་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་ནས་རི་བོ་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ཡོད།ད་ལྟའི་ཤེལ་དཀར་རི་བོ་དེ་མཐའ་འཁོར་མང་ཚོགས་ཀྱི་གཟའ་མཇུག་དང་དུས་ཆེན་གྱི་ངལ་གསོའི་སྐབས་སྤྲོ་གསེང་བྱ་ཡུལ་དུ་གྱུར་ཡོད། ཕྱིས་འབྱུང་།ད་དུང་མཐའ་འཁོར་གྱི་སྒྲིག་ཆས་རྒྱ་སྐྱེད་དུ་བཏང་ནས་སྤྲོ་གསེང་རོལ་རྩེད་དང་ཟ་སྡོད་སོགས་གཞི་གཅིག་ཏུ་འདུས་པའི་ཁམས་གསོའི་གླིང་ག་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་རེད།

རིག་འཛིན་གྱིས་ཕྱིས་འབྱུང་ང་ཚོས་གླིང་གར་འཕེལ་རྒྱས་གཏོང་རྩིས་ཡོད། མིག་སྔར་ཆུ་རྐྱལ་རྫིང་བུ་བསྐྲུན་ཟིན་པར་མ་ཟད། ད་དུང་རྐང་རྩེད་སྤོ་ལོ་དང་། ལག་རྩེད་སྤོ་ལོ། ཕའེ་ཆིའུ་སྤོ་ལོ་སོགས་རྩེད་ཆོག་གི་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཚང་མར་ཤིང་འཛུཊ་ནགས་བཟོ་ལས་བྱུང་བའི་ཕན་པ་མཉམ་སྤྱོད་བྱས་ཏེ་སྤྱི་ཚོཊ་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་2024ལོར་རང་གྲོང་གིས་མུའུ་ཁྲི་4.16སྲ་བརྟན་དང་རྒྱ་ཆེར་བཏང་ཡོད། མིག་སྔའི་བར་ཤིང་སོན་ཁྲི་471.5བཏབ་ཟིན་པ་དང་འདེབས་འཛུགས་ཀྱི་མྱུར་ཚད་བརྒྱ་ཆ་100ཟིན་ཞིང་།སྲ་བརྟན་དང་རྒྱ་ཆེར་གཏོང་བའི་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་ནས་བདག་སྐྱོང་དུས་མཚམས་སུ་སླེབས་ཡོད། 2024ལོའི་ནགས་བཟོའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ནགས་བཟོའི་ལས་འགན་མུའུ་ཁྲི་9.47ཡིན་པ་དང་། ཤིང་སོན་ཁྲི་804.19འདེབས་འཛུགས་བྱ་རྒྱུའི་འཆར་གཞི་ཡོད། ཟླ་6ཚེས་7ཉིན་བར་ཤིང་སོན་ཁྲི་335.41འདེབས་འཛུགས་ཟིན་པ་དང་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་4.74ལེགས་གྲུབ་ཟིན་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182802.html 1 གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པས་ལོ་བཅུ་གཉིས་རིང་ཤིང་སོན་འདེབས་འཛུགས་བྱས་ནས་མཛེས་པའི་ཁྱིམ་གཞིས་བསྐྲུན་པ། /enpproperty-->