(པར་ངོས་དང་པོར་མཐུད)ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་སྐུལ་འདེད་འོག རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་རེས་སྐོར་གཉིས་པའི་ཁག་དང་པོས་ལྟ་ཞིབ་བྱ་ཡུལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་རྒྱུན་ཆད་མེད་པར་ནན་དུ་བཏང་སྟེ། འབྱུང་ཁམས་ཁོར་ཡུག་གི་གནད་དོན་ཁག་གཅིག་ལ་སྐུལ་འདེད་དང་བཅོས་སྒྲིག་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གི་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་།ཆབ་སྲིད་ཀྱི་ཕན་འབྲས་དང་།དཔལ་འབྱོར་གྱི་ཕན་འབྲས།
ཁོར་ཡུག་གི་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ཐོབ་ཡོད། འདི་ལོའི་ཟླ་3པར་ལྷ་ས་དང་།ལྷོ་ཁ། ཆབ་མདོ།ནག་ཆུ་བཅས་གྲོང་ཁྱེར་4ཡིས་བཅོས་སྒྲིག་ཇུས་གཞི་གཅིག་རྗེས་གཉིས་མཐུད་ངང་པར་འགྲེམས་བྱས་པ་དང་ཁྱོན་བཅོས་སྒྲིག་ལས་འགན་ཁག་157དང་བཅོས་སྒྲིག་བྱ་ཐབས་ཁག་371བཏོན་ཡོད་ཅིང་། མིག་སྔར། ཨང་རྟགས་མེད་པ་བཟོ་བའི་བཅོས་སྒྲིག་ལས་འགན་2དང་།བཅོས་སྒྲིག་བྱ་ཐབས་8 དཔེ་མཚོན་གྱོད་དཔེ་3དང་དེ་བྱིངས་ཀྱི་བཅོས་སྒྲིག་ལས་འགན་གོ་རིམ་ལྟར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
འདི་ལོ་གཞིས་ཀ་རྩེ་དང་། ཉིང་ཁྲི། མངའ་རིས་བཅས་ས་ཁུལ(གྲོང་ཁྱེར)3ལ་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་རེས་སྐོར་གཉིས་པའི་ཁག་གཉིས་པ་སྤེལ་འགོ་ཚུགས་རྒྱུ་ཡིན་པ་རེད། མིག་སྔར། རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་ཐིང་གིས་གནད་དོན་གྱི་ཁུངས་སྣེར་འཚོལ་བཤེར་དང་། ལྟ་ཞིབ་ནང་དོན་གཏན་འཁེལ། ལྟ་ཞིབ་ཚོགས་ཆུང་བཙུགས་པ་བཅས་བྱས་ནས་ལས་ཀའི་ལག་དེབ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་དུས་འགོའི་ལས་དོན་སྤེལ་བ་དང་། རང་སྐྱོང་ལྗོངས་ཀྱི་ཆོག་མཆན་ཐོབ་རྗེས་བཅའ་སྡོད་བྱ་རྒྱུ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社