分享按钮

2024ལོའི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ཉིན། གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་སྙེ་མོ་རྫོང་ཨུད་དྲིལ་བསྒྲགས་པུས་སྒྲུབ་འགན་འཁུར་བ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་གཤམ་སྤེལ་གསུམ་གྱི་ཁོངས་མི་ཚན་པ་ཁག་གིས་གཞོགས་འདེགས་བྱས་ནས་གཉེར་བའི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྙེ་མོ་རྫོང་དར་གྲོང་གྲོང་རྡལ་དྲིན་ཚོར་སྡེ་ཁུལ་དུ་སྤེལ་བ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་ལས་དོན་གྱི་འགན་འཁུར་བ་བྱེད་སྒོར་ཞུགས་པ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ(གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང)དང་། གྲོང་ཁྱེར་རིག་གནས་ཅུས། གྲོང་ཁྱེར་ཚན་རྩལ་ཅུས་སོགས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཚན་པ་ཉི་ཤུའི་ལས་དོན་པ་དང་མང་ཚོགས་ཁྱོན་མི་200ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་གླུ་གཞས་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་གར་སྟེགས་ཐོག་འཁྲབ་སྟོན་པ་ཚོས་བརྩེ་དུང་ཟབ་མོ་ལྡན་པའི་གླུ་སྒྲ་དང་ཆེད་ལས་ཀྱི་ཉམས་འགྱུར་ལྡན་པའི་ཞབས་བྲོའི་སྟངས་སྟབས་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་ངོ་མཚར་ཆེ་བའི་འཁྲབ་སྟོན་ཞིག་བྱས་པས་གར་སྟེགས་འོག་གི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།

དེ་རྗེས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་དང་བླངས་ཞབས་ཞུའི་ཚན་པ་20ལྷག་ཙམ་ལས་གྲུབ་པའི་གཤམ་སྤེལ་གསུམ་གྱི་ཞབས་ཞུས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས།བདེ་ཐང་འོས་འགན་བརྟག་དཔྱད། བཅའ་ཁྲིམས་ངོ་སྤྲོད། ལག་རྩལ་མཛུབ་ཁྲིད་སོཊ་དྲོ་སྐྱིད་སྟེར་བའི་ཞབས་ཞུ་རབ་དང་རིམ་པ་བསྒྲུབས་པར་མ་ཟད། ཁྱོན་དྲིལ་བསྒྲགས་དཔྱད་ཡིག(ཐོན་རྫས)3000ལྷག་ཙམ་སྤྲད་ཡོད་པ་རེད།བྱེད་སྒོའི་ནང་ད་དུང་ཀྲུང་དབྱང་དྲིལ་བསྒྲཊ་པུའུ་ཡི་གཤམ་སྤེལ་གསུམ་གྱི་བྱེད་སྒོའི་ཕུལ་བྱུང་ཚོཊ་པའི་འཐུས་མི་སྟེ།སྙེ་མོ་རྫོང་མི་དམངས་སྨན་ཁང་གི་གཞི་རིམ་སྐོར་ཞིབ་ཚོགས་པའི་འགན་འཁུར་བ་གདན་དྲངས་ནས་སྤེལ་རེས་གཏམ་བཤད་གནང་བ་དང་གྲོང་ཨུད་དྲིལ་བསྒྲགས་པུའི་དྲིལ་བསྒྲགས་སློབ་གསོ་ཁོའོ་ཡི་འགན་འཁུར་བས་2024ལོའི་གཤམ་སྤེལ་གསུམ་གྱི་བྱེད་སྒོའི་གཙོ་གནད་ལས་འགན་བརྒྱུད་བསྒྲཊ་གནང་བ་རེད།

སྙེ་མོ་རྫོང་དར་གྲོང་གྲོང་རྡལ་དྲིན་ཚོར་སྡེ་ཁུལ་གྱི་ཡུལ་མི་སྐལ་བཟང་ནོར་བུས་གཤམ་སྤེལ་གསུམ་གྱི་བྱེད་སྒོ་དེ་གར་སྤེལ་བ་དེ་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སློབ་སྦྱོང་དང་སྨན་བཅོས་སོགས་ཕྱོགས་གང་ཅིའི་ཐད་ང་ཚོར་གཟིགས་སྐྱོང་སྲིད་ཇུས་མང་པོ་གནང་བས་ང་ཚོས་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་མ་ཟད། ད་དུང་ས་གནས་ས་ཐོག་ཏུ་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ཡང་ལྟ་རྒྱུ་བྱུང་བས་ཚང་མའི་བསམ་པའི་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བཤད།

ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་མང་ཚོགས་ལ་ཚན་རྩལ་དང་། རིག་གནས། བདེ་ཐང་བཅས་ཀྱི་ཤེས་བྱ་སྤེལ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་བ་དང་། རིག་གནས་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་རྒྱུ་དེ་བས་ལེགས་པ་བཅས་ཀྱི་ཆེད་དུ་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད། སླད་ཕྱིན་གྲོང་ཨུད་དྲིལ་བསྒྲགས་པུས་དམངས་ཕན་ཞབས་ཞུ་སྔར་བས་མངོན་གསལ་དོད་དུ་བཏང་ནས་ལམ་སྲོལ་ལ་དམིགས་ཏེ་ཕུགས་ཕན་ལ་དམ་འཛིན་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གཞི་རྟེན་གསར་གཏོད་དང་། ཆུ་ཚད་མཐོ་རུ་གཏོང་བ།དམངས་འཚོ་འགན་ལེན་གྱི་ཞན་ཆ་གསབ་པ། སེམས་ནུས་དང་བརྩེ་སེམས་ལ་བརྟེན་ནས་གཤམ་སྤེལ་གསུམ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་མང་ཚོགས་དེ་བས་མང་བར་ཕན་པ་ཡོང་བ་བཅས་བྱ་རྒྱུ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182799.html 1 2024ལོའི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི་གཤམ་སྤེལ་གསུམ་གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ། /enpproperty-->