分享按钮

གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པས་ལོ་བཅུ་གཉིས་རིང་ཤིང་སོན་འདེབས་འཛུགས་བྱས་ནས་མཛེས་པའི་ཁྱིམ་གཞིས་བསྐྲུན་པ།

གདོང་དཀར་སྡེ་ཁུལ་གྱི་ཤེལ་དཀར་རི་བོར་སྐྱོད་སྐབས་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ཤིང་།རི་ལྡེབས་སུ་ཤིང་རིགས་སྣ་ཚོགས་མཐོང་རྒྱུ་ཡོད།དེ་སྔོན་ས་གཤིས་ཀྱི་རྐྱེན་པས་ཤེལ་དཀར་རི་བོ་དེ་སྐྱ་ཐེར་ཐེར་གྱི་བྲག་རི་ཡིན་པ་དང་། དབྱར་དུས་སྐམ་ཤས་ཆེ་ཞིང་ཚ་བ་ཆེ་བ་དང་དགུན་དུས་ཐལ་རྡུལ་གྱིས་ཁེངས་པ་སོགས་ཀྱི་སྣང་ཚུལ་ཡུན་རིང་ཐོན་ནས་གནས་དེར་འཚོ་སྡོད་བྱེད་བཞིན་པའི་ཤེལ་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་གྲོང་མི་རྣམས་ལ་དཀལ་ངལ་ཆེན་པོ་བཟོས་ཡོད།

གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་རིག་འཛིན་གྱིས་སྔོན་ཆད་ཤེལ་དཀར་རི་བོའི་ནུབ་ངོས་ནི་བྲག་རྡོ་དང་ཤར་ངོས་ནི་ཨར་ས་ཡིན་པས་རྩི་ཤིང་སྐྱེ་ཁག་པོ་ཡོད་པའི་ཁར་ཐལ་རླུང་གིས་ཁེངས་ཀྱི་ཡོད། ང་ཚོས་ཉིན་ལྟར་ཞོགས་པ་ཁྱིམ་ལ་གཙང་སྦྲ་ཡག་པོ་བྱས་ཀྱང་དགོང་མོ་ཁྱིམ་དུ་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ངའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན། ངས་2012ལོ་ནས་བཟུང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རི་སྟེང་དུ་ཤིང་འཛུགས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་བྱུང་ཞེས་བཤད་པ་རེད།

2012ལོར་རིག་འཛིན་གྱིས་སྡེ་ཁུལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་འོས་འགན་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་འགོ་ཚུགས་ནས་སྡེ་ཁུལ་གྱི་སྔོ་ལྗང་དང་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སེམས་ཐག་བཅད། འོན་ཀྱང་དོན་དངོས་དེ་རེ་འདུན་དང་རྒྱབ་འགལ་དུ་གྱུར་ནས་རིག་འཛིན་གྱིས་དུས་འགོའི་སྐུལ་སློང་ལས་དོན་སྤེལ་སྐབས་གྲོང་མི་དང་འགལ་ཟླ་ཡང་ཡང་འཕྲད་པ་དང་།ལོ་བཅུ་ཕྲག་ཁ་ཤས་རིང་རྩི་ཤིང་གཅིག་ཀྱང་སྐྱེ་ཡི་མེད་པའི་ས་ཁུལ་དུ་ལྗོན་ཤིང་སྐྱེ་འཚར་ཡོང་བར་ཡིད་ཆེས་བྱེད་མཁན་གཅིག་ཀྱང་མེད་པར་མ་ཟད། མང་ཚོགས་ཁག་གཅིག་གིས་ཤིང་འཛུགས་ལས་དོན་སྤེལ་བར་འགོག་རྐྱེན་བཟོ་བའི་གནས་ཚུལ་ཡང་ཐོན་ཡོད། རིག་འཛིན་གྱིས་སྡེ་ཁུལ་མང་ཚོགས་ལ་བསམ་བློའི་སློབ་གསོ་ཡང་ཡང་བརྒྱབ་པས་མཐར་གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པར་མ་ཟད། ཤིང་འཛུགས་ནགས་བཟོའི་ལས་དོན་ཁྲོད་དུའང་ཞུགས་ཡོད། ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་ཡིན་པའི་རིག་འཛིན་གྱིས་རང་ཉིད་ནས་འགོ་བཙུགས་ཏེ་ཁྱིམ་གཞི་སྔོ་ལྗང་ཅན་དུ་བསྒྱུར་བའི་ལས་དོན་སྤེལ་བ་དང་ཚོགས་ཆུང་གཉིས་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཤེལ་དཀར་རི་བོའི་སྟེང་དུ་ལོ་12རིང་ཤིང་འཛུགས་ནགས་བཟོ་བྱས་ཡོད།

རིག་འཛིན་གྱིས་ང་ཚོས་ཡོང་འབབ་རག་པའི་དངུལ་ཚང་མ་མ་བགོས་པར། 2012ལོ་ནས་2019ལོའི་བར་ང་ཚོའི་ཐུན་མོང་དཔལ་འབྱོར་གྱི་མ་དངུལ་སྒོར་ཁྲི་2854བཏང་ནས་ཤེལ་དཀར་རི་བོའི་ལྗང་འགྱུར་ཐད་བེད་སྤྱོད་བྱས་ཡོད། ཤེལ་དཀར་རི་བོ་ཉིན་རེ་བཞིན་སྔོ་ལྗང་ཅན་དུ་གྱུར་བ་མཐོང་སྐབས་ང་ཚོའི་སེམས་པ་ཧ་ཅང་དགའ་པོ་འདུག་ཅེས་བཤད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182795.html 1 གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པས་ལོ་བཅུ་གཉིས་རིང་ཤིང་སོན་འདེབས་འཛུགས་བྱས་ནས་མཛེས་པའི་ཁྱིམ་གཞིས་བསྐྲུན་པ། /enpproperty-->