ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ཉིན། ལྷ་སའི་སྒོར་གཞས་འགྲན་བསྡུར་ཆེན་མོ(མཐའ་བསྡུར)སྐབས་གཉིས་པ་རྫོང་རྒྱབ་ཀླུ་ཁང་དུ་གཉེར་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ཕེབས་པར་མ་ཟད། འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་དང་།གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཕེབས་ཡོད་པ་རེད།
ཚོན་ལྡན་ཤོག་སྦག་གི་ཚོན་མདངས་རྣམ་པར་བཀྲ་བ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད། ཆུ་མིག་ལམ་འདམ་ར་སྤྱི་གླིང་དུ་འཚོགས་པའི་ལྷ་སའི་སྒོར་གཞས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་གྲ་སྒྲིག་འགྲན་བསྡུར་ཁྲོད་སྒོར་གཞས་འཁྲབ་མཁན་གྱི་འཐུས་མིའི་རུ་ཁག་23གྱིས་འགྲན་བསྡུར་བྱས་ནས་མཐར་འཐུས་མིའི་རུ་ཁག་12ཚེས་14ཉིན་རྫོང་རྒྱབ་ཀླུ་ཁང་དུ་མཐའ་བསྡུར་གྱི་འགྲན་བསྡུར་ནང་ཞུགས་པ་རེད། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་དང་པོ་ནི་སྟོད་ལུང་རིག་གནས་བྱེད་སྒོ་ལྟེ་གནས་ཀྱི་ནང་མ་སྟོད་གཞས་གསོ་སྦྱོང་འཛིན་གྲྭའི་འཐུས་མི་རུ་ཁག་ཡིན་པ་དང་། ཁོང་ཚོས་སྒོར་གཞས《ལྷ་མོའི་སྒོར་གཞས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་འབུལ》ཞེས་པ་གྲ་སྒྲིག་བྱས་ཡོད་ཅིང་། འཁྲབ་སྟོན་ཁྲོད་ཁོང་ཚོས་ལྷ་མོ་དང་སྒོར་གཞས་ཟུང་འབྲེལ་བྱས་ནས་བོད་ཀྱི་སྲོལ་རྒྱུན་སྒོར་གཞས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། དེ་རྗེས་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་སློབ་གྲྭ་དང་པོའི་མི་རིགས་རོལ་དབྱངས་ཞབས་བྲོའི་འཛིན་གྲྭའི་འཐུས་མིའི་རུ་ཁག་དང་། དྭངས་གཙང་འདམ་གཞུང་སྒོར་གཞས་ཚོགས་པའི་འཐུས་མིའི་རུ་ཁག སྙེ་མོ་རྫོང་གི་འཐུས་མིའི་རུ་ཁག་སོགས་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་12ཀྱིས་རིམ་པ་བཞིན་འཁྲབ་སྟོན་བྱས་པ་རེད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社