ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་སྲོལ་རྒྱུན་སྔར་བས་དར་སྤེལ་བཏང་ནས་རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད།ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས་2023ལོའི་དམག་ཞབས་ཐིམ་པའི་དམག་མིར་ཐེངས་གཅིག་རང་བཞིན་གྱི་དཔལ་འབྱོར་ཁ་གསབ་རོགས་དངུལ་དང་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
མལ་གྲོ་གུང་དཀར་རྫོང་གིས་2023ལོའི་ལོ་འཁོར་གྱི་དམག་ཞབས་ཐིམ་པའི་དམག་མིར་ཐེངས་གཅིག་རང་བཞིན་གྱི་དཔལ་འབྱོར་ཁ་གསབ་རོགས་དངུལ་དང་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་སྤྲོད་པའི་མཛད་སྒོའི་ཐོག་དམག་ཞབས་ཐིམ་པའི་དམག་མི་དང་ཁྱིམ་མི་14ལ་ཐེངས་གཅིག་རང་བཞིན་གྱི་དཔལ་འབྱོར་ཁ་གསབ་རོགས་དངུལ་དང་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་ཁྱོན་སྒོར་ཁྲི་119.6སྤྲད་པ་རེད། དམག་ཞབས་ཐིམ་པའི་དམག་མིས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་མགྱོགས་མྱུར་འགྱུར་ལྡོག་བཏང་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་དང་འཚམ་པར་བྱས་ཏེ་སྤྱི་ཚོགས་འཕེལ་རྒྱས་ཆེད་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
སླད་ཕྱིན། མལ་གྲོ་གུང་དཀར་རྫོང་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་རྒྱལ་སྲུང་ལ་སེམས་ཁུར་དང་། གཉིས་བཀུར་ལ་རྒྱབ་སྐྱོར། དམག་མི་གོང་དུ་བཀུར་བ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་ཡིན་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社