分享按钮

ཞི་ཅིན་ཕིང་གིས་ལ་མ་ཕུའུ་སར་གློག་འཕྲིན་བཏང་ནས་ཁོང་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ལ་བསྟུད་མར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ།

(པར་ངོས་དང་པོར་མཐུད)གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད། ན་ནིང་ཟླ་8པར་ངས་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་ཐེངས་བཞི་པ་བྱས་ནས་སྲིད་འཛིན་ལ་མ་ཕུའུ་ས་དང་གྲོས་གཞི་རྒྱ་ཁྱབ་ཀྱི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལེའུ་གསར་པ་ཞིག་འགོ་ཚུགས་ཡོད། ངས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ་སྲིད་འཛིན་ལ་མ་ཕུའུ་ས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་གནང་བ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-17 6 6 拉萨日报藏文 c182885.html 1 ཞི་ཅིན་ཕིང་གིས་ལ་མ་ཕུའུ་སར་གློག་འཕྲིན་བཏང་ནས་ཁོང་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་ལ་བསྟུད་མར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ། /enpproperty-->