(པར་ངོས་དང་པོར་མཐུད)རང་གྲོང་གི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལས་གྲྭ(དུས་ཐེངས་གཉིས་པ)གླིང་ཕྲན་གཉིས་ནང་ཁུལ་གྱི་ཆུ་བོའི་འབྱུང་འཕྲོད་སྐྱེ་ཁམས་བར་ཁྱམས་མཐོར་གཏོང་ལས་གྲྭ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་རེད།རྣམ་གྲངས་འཛུགས་སྐྲུན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་4.1ཡོད་པ་དེའི་ནང་ཆུ་བོའི་ཆུ་སྒོ་དང་ཉེན་སེལ་བརྟན་གཏོང་གི་ལས་གྲྭ་དང་།ཟམ་པ་བསྐྲུན་རྒྱུའི་ལས་གྲྭ མཚོ་འགྲམ་མཛེས་ལྗོངས་ལེགས་གཏོང་ལས་གྲྭ གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་བཅས་ཚུད་པ་དང་།མིག་སྔར་ལས་གྲྭའི་བསྡོམས་འབོར་གྱི་བརྒྱ་ཆ་80ལེགས་གྲུབ་ཟིན་ཡོད།འཛུགས་སྐྲུན་གྲུབ་རྗེས་གྲོང་མི་མང་ཚོགས་ཀྱི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།ཤའོ་ཡིའུ་ཚའེ་རྣམ་གྲངས་སྤེལ་ཡུལ་དུ་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་དང་།རྣམ་གྲངས་འཆར་འགོད་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།རྣམ་གྲངས་ཚན་པའི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ཨར་ལས་ཚན་པར་ཡང་འབད་བསྐྱར་འབད་དང་ཡག་ཐོག་ཡག་བརྩེགས་ཀྱི་ཐོག་ནས་ལས་གྲྭ་འཛུགས་སྐྲུན་གྱི་མྱུར་ཚད་དང་།སྤུས་ཚད།བདེ་འཇགས་བཅས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་རྣམ་གྲངས་སྔ་ཙམ་ལེགས་གྲུབ་དང་མང་ཚོགས་ལ་སྔ་ཙམ་ཕན་པ་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་དང་།གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་བ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་སྟེ།
མང་ཚོགས་ཀྱི་དགོས་མཁོར་གཞི་ཚུགས་དགོས་པ།འཆར་འགོད་ཇུས་གཞི་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།ངོགས་གཉིས་ཀྱི་རྣམ་པ་ལེགས་སྒྲིག་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ།ཚོང་ལས་ལས་རིགས་ཀྱི་བཀོད་སྒྲིག་ཕུན་སུམ་ཚོགས་སུ་དང་ལེགས་སུ་གཏོང་བ།མང་ཚོགས་ཀྱི་སྤྲོ་གསེང་རོལ་རྩེད་སྣ་མང་ཅན་གྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བཅས་བྱས་ནས་གྲོང་ཁྱེར་གྱི་བྱེད་ནུས་སྤུས་ཚད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ།རྣམ་གྲངས་ཚན་པའི་འགན་འཁྲི་དམ་དུ་གཏོང་བ་དང་།དུས་ཚོད་རེའུ་མིག་ལྡོག་སྒྲིག་བྱེད་པ།ཨར་ལས་ཀྱི་དུས་ཚོད་དམ་འཛིན་བྱེད་པ།ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ།ལས་ཆོད་ཆེ་རུ་གཏོང་བ་དང་མྱུར་ཚད་དམ་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་ལས་སྒྲོལ་ནས་རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།
ལས་གྲྭ་སྤུས་ལེགས་གཏོད་དགོས་པ།ཚང་མ་རྣམ་གྲངས་ལ་དམིགས་ཏེ་ལས་ཀ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྣམ་གྲངས་ཨར་ལས་སྒྲིག་འཛུགས་དང་།བརྒྱུད་རིམ་ཚོད་འཛིན།སྤུས་ཚད་ལྟ་སྐུལ་དོ་དམ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གྲྭ་སྤུས་ལེགས་དང་དཔེ་མཚོན་ལས་གྲྭ་ཧུར་ཐག་གཏོད་དགོས།
བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས་པ།མཐའ་ཚད་འཛིན་སེམས་དང་མཐར་སོན་གྱི་བསམ་བློ་འཛུགས་པ་དང་།ཉེན་ཁའི་འབྱུང་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་མེད་པར་བཟོ་བ།བདེ་འཇགས་ཐོན་སྐྱེད་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ནུས་ཤུགས་ཡོད་རྒུས་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社